འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེ་དགྲ་ལྷ་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་དཔལ་འབྱོར་
    རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཨུ་ཡོན་ཚོར་གཟིགས་པ་དང་ཆབས་ཅིག་དཔལ་འབྱོར་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་ནས་ཚང་མ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་སྐོར་གླེང་བ་རེད།
         གྲོས་བསྡུར་གནང་རིང་། ཨུ་ཡོན་ལི་ཝུན་ཀེ་དང་། ཝང་ཅན་ཧྲེང་། ཝང་ཧྥེ། ཐུབ་བསྟན་མཁས་གྲུབ། ཧོང་ཞའོ་ཝུའེ། དོན་གྲུབ་ཚེ་རིང་། བསྟན་འཛིན་སོགས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། ཚོང་དོན་འགྲོ་རྒྱུག རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད། ཐོན་ལས་འཕེལ་རྒྱས། ཐོན་ལས་བོད་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལ་དམིགས་ཏེ་སྤེལ་རེས་གཏམ་བཤད་གནང་བ་རེད། ཆེ་དགྲ་ལྷས་ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས། འདས་ཟིན་པའི་ལོ་ལྔ་ཡི་རིང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་བྱས་པ་ཞིག་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཞིག རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཡང་དག་པའི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག སྐབས་རིམ་བྱུང་གི་སྲིད་གཞུང་ཚན་ཁག་གིས་འཆར་གཞི་མཐར་ཕྱིན་པ་བཀོད་པ་དང་དཀའ་སྤྱད་དངོས་སྒྲུབ་གནང་བའི་འབྲས་བུ་ཞིག་བཅས་ཡིན་པ་དེར་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཆེ་དགྲ་ལྷས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས་བསམ་ཕྱོགས་གསར་གཏོད་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གཞི་ཁྱོན་ཆེ་བ་དང་། འབྲེལ་བ་ཟབ་པ། ཁྱད་ཆོས་གསལ་བ་བཅས་ཀྱི་ཐོན་ལས་ཚོགས་པ་ཁག་གཅིག་ཆགས་པར་བྱས་ནས“ཁ་ཐོར”དང་། “ཆུང་ཙག”“ངོ་བོ་གཅིག་མཚུངས་ཅན”བཅས་ཀྱི་མཁར་རྫོང་མེད་པར་བཟོས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གྲུབ་ཆ་ལེགས་སྒྲིག་དང་། ཧེ་བག་ཆུང་དུ་གཏོང་བ། ཞན་ཆ་གསབ་པ། འགྲན་སློང་བསུ་བ་བཅས་བྱས་ནས་སྤུས་ཚད་གསར་བསྒྱུར་དང་། ལས་ཕྱོད་གསར་བསྒྱུར། སྒུལ་ཤུགས་གསར་བསྒྱུར་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་དང་། ཁོང་གིས་མི་དམངས་སྲིད་གྲོས་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྲིད་གྲོས་ཨུ་ཡོན་ལ་ཤེས་ལྡན་མི་སྣ་དང་ཕུལ་བྱུང་མི་སྣ་མཉམ་འཛོམས་བྱས་ཡོད་པས་ཨུ་ཡོན་རྣམས་ཀྱིས་མིག་སྔར་གཞིས་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེད་ལས་ཀྱི་ལེགས་ཆ་དང་འབྲེལ་གཏུག་རྒྱ་ཁྱབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གནད་དོན་ཞིབ་འཇུག་གཏིང་ཟབ་བྱེད་པ། དཀའ་གནད་ཧུར་ཐག་སེལ་བ། ལྟ་བ་ཡང་དག་མང་ཙམ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་རྒྱུ་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།