འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གྲང་ངར་ཆེ་བའི་དགུན་ཁར་ལས་གནས་བརྟན་སྲུང་བྱེད་བཞིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།གྲང་ངར་ཆེ་བའི་དགུན་ཁར་ལས་གནས་བརྟན་སྲུང་བྱེད་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་ནི་ལུགས་རྙིང་ལོའི་ཟླ་བཅུ་གཉིས་པའི་ཚེས་བདུན་ཡིན་ལ་དགུ་བཞི་པའང་ཁེལ་ཡོད། ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་གྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ལྷག་ཟིན་པ་དང་། ཐོ་རེངས་ཀྱི་ཆུ་ཚོད་གསུམ་པ་ཙམ་ལ་མུའུ་ཏན་ཅང་ཁོར་ཡུག་འཕྲོད་བསྟེན་ཁྲུའི་གཙང་སྦྲའི་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོའུ་ཧུང་གིས་ཞོགས་པ་སྔ་ལངས་བྱས་ཏེ་ཉིན་གཅིག་གི་གཙང་སྦྲའི་ལས་ཀར་བྲེལ།
         ཉིན་དེར་དུས་རྒྱུན་ལྟར་ཁོང་དང་ཁོང་གི་ལས་རོགས་ཚོ་ཕྱིར་ལས་ཀ་ཆུ་ཚོད་10ལྷག་ཙམ་བྱེད་དགོས་ཀྱི་ཡོད། ལས་ཀའི་སྐོར་གླེང་དུས་ཁོར་ཡུག་གཙང་སྦྲའི་བཟོ་པ་ཚོས། གནམ་གཤིས་གྲང་ངར་ཇི་ལྟར་ཆེ་ཡང་ལས་ཀ་དེ་བྱེད་མཁན་ཞིག་དགོས་པས། ཁོར་ཡུག་གཙང་སྦྲའི་ལས་ཀ་བྱས་ཕྱིན་གནམ་གཤིས་གྲང་མོ་ཇི་ལྟར་ཡོད་ཀྱང་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་ཅིང་། འདི་ནི་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་དམངས་གཅེས་ཁུལ་དུ་གོས་མཐུག་པོ་གྱོན་པའི་ཁོར་ཡུག་གཙང་སྦྲའི་བཟོ་པ་ཀྲོའུ་ཧུང་གིས་ཐོ་རེངས་སྐབས་ལས་སྤྱོད་གློག་སྒུལ་སྦག་སྦག་བཏང་ནས་ཁྲོམ་ལམ་དུ་སྐྱོད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།