འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་སྤྱི་ཚོགས་བདེ་འཇགས་ཀྱི་བློ་ཡིད་ཚིམ་ཚད་95.55%ཟིན་པ། 

    འདི་ལོ་རྒྱལ་ཡོངས་སུ་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཚད་ལྡན་ཅན་གྱི་ཞིབ་བཤེར་ཆེ་མོ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཟླ་1ཚེས་22དང་23ཉིན་འཚོགས་པའི་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2017ལོར་རང་རྒྱལ་གྱི་མི་ཁྲི་10ཡི་ནང་མི་བསད་པའི་གྱོད་གཞི་0.81ལས་ཐོན་མེད་པས་མི་བསད་པའི་གྱོད་གཞི་ཐོན་ཉུང་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན། གཏུམ་སྤྱོད་ཉེས་གསོག་གི་གྱོད་གཞི་ཚབས་ཆེན་2012ལོ་ནས་51.8%ཆག་པ་དང་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་ཚད་43.8%ཆག་ཡོད། སྤྱི་ཚོགས་བདེ་འཇགས་ཐད་མི་དམངས་ཀྱི་བློ་ཡིད་ཚིམས་ཚད་2012ལོའི་87.55%ནས་2017ལོའི་95.55%བར་མཐོ་རུ་ཕྱིན་པ་དང་། སྲིད་ཁྲིམས་དཔུང་ཁག་ལ་བློ་ཡིད་ཚིམས་ཚད་2012ལོའི་69.43%ནས་2017ལོའི་80.24%བར་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་སྲིད་དོན་མི་སྣ་དང་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་པ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་བྱུང་བ་ནི་ཀྲུང་གོས་འཛམ་གླིང་ལ་མངོན་པའི་གྲུབ་འབྲས་ཆེན་པོ་གཉིས་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།