འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྲུང་སྐར་སྐུལ་འོད་ཀྱི་འཕྲིན་གཏོང་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་
    སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་དང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་སྲུང་སྐར་སྐུལ་འོད་ཀྱི་འཕྲིན་གཏོང་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ལག་ལེན་ཨང་བཅུ་གསུམ་པ་རྟགས་ཅན་ཐོག་བཏགས་པའི་སྐུལ་འོད་འཕྲིན་གཏོང་མཐའ་སྣེ་འཁོར་ལམ་ཐོག་ཚོད་ལྟ་བྱེད་རིང་རྒྱལ་སྤྱིའི་ཐོག་གི་རིམ་མཐོའི་འཁོར་ལམ་སྲུང་སྐར་གྱི་ས་ངོས་སུ་མྱུར་ཚད་མགྱོགས་པའི་སྐུལ་འོད་ཕྱོགས་གཉིས་འཕྲིན་གཏོང་ཚོད་ལྟ་ཐོག་མར་ལེགས་གྲུབ་བྱུང་ཡོད། ད་ཐེངས་ཚོད་ལྟའི་ལས་འགན་བདེ་བླག་ངང་ལེགས་གྲུབ་ཟིན་པ་ལས་རང་རྒྱལ་འདི་ཉིད་བར་སྣང་གི་མྱུར་ཚད་མགྱོགས་པའི་ཆ་འཕྲིན་བརྒྱུད་གཏོང་གི་མཁའ་འགྲུལ་ལག་རྩལ་གྱི་རྩེར་སོན་ཁྱབ་ཁོངས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་མཚོན་པ་དང་། རྗེས་མའི་གནམ་ས་གཞི་གཅིག་ཅན་གྱི་ཆ་འཕྲིན་དྲ་རྒྱའི་རྒྱལ་ཁབ་ཀྱི་ཚན་རྩལ་འདུ་འགོད་གལ་ཆེན་ལག་ལེན་བསྟར་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།