འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་ཧན་ཀྲུང་གི་བདེ་ཐང་དབུལ་སྐྱོར་གྱི"ཐབས་བཟང"གསུམ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ཆིན་པ་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གནས་པ་དང་། མིག་སྔར་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་དབུལ་པོ་8ཡོད། དེ་སྔོན་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་རྗེས་ལུས་ཡིན་པས་རི་གྲོང་དུ“ནད་ཆུང་སྒོམ། ནད་ཆེན་འཁུར། ནད་གཞི་ཚབས་ཆེན་གྱིས་སྡུག་བསྔལ་གནས་སུ་ལྷུང”ཞེས་ཤོད་སྲོལ་ཡོད། དབུལ་སྐྱོར་ལས་དོན་ཁྲོད་ཀྱི“དབུལ་པོ་མཉམ་དུ་གནས་པ་དང་། ནད་གཞིས་རྐྱེན་པའི་དབུལ་པོར་གྱུར་པ། ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག”སོགས་ཀྱི“འགག་གནད”གསུམ་མེད་པ་བཟོ་ཆེད། 2017ལོ་ནས་བཟུང་། ཧན་ཀྲུང་གྲོང་ཁྱེར་གྱིས་གནད་སྨིན་དབྱེ་འབྱེད་དང་། གནད་སྨིན་བཅོས་སྐྱོང་། བདེ་ཐང་དོ་དམ་གྱི་ཐབས་ལམ་གསུམ་སྤྱད་པ་མ་ཟད། “སྐོར་སྐྱོད་སྨན་ཁང”དང་། སྒོ་རྩར་བརྟག་དཔྱད་བྱེད་པ། ནད་ཆེན་ཕོག་པའི་ནད་པར“འགན་ལེནICU”བཙུགས་པ། བདེ་ཐང་དོ་དམ་གྱི་མཉམ་འབྲེལ་སྒྲིག་གཞི་བཏོད་ནས་ཕན་ནུས་ལྡན་ལ་བདེ་ཐང་དབུལ་སྐྱོར་ལམ་བུའི་ཐོག་བསྐྱོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།