འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་ཨུ་ཡོན་པ་སངས་ལགས་ཀྱིས་ཕྱུགས་རིགས་སྨན་པའི་གླ་ཕོགས་མཐོ་རུ་བཏང་སྟེ་མི་
    སེར་ལ་ཞབས་ཞུ་སྔར་ལས་ལེགས་པར་ཞུ་དགོས་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         བོད་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་པ་སངས་ལགས་ནི་ལས་ཀར་ཞུགས་པ་ནས་ད་བར་གཞི་རིམ་དུ་ཕྱུགས་ནད་སྨན་བཅོས་ཀྱི་ལས་ཀ་བྱས་ནས་ལོ་27ཙམ་སོང་ཞིང་། མིག་སྔར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མར་རྐྱང་ཤང་གྱང་ཉལ་གྲོང་ཚོར་མུ་མཐུད་དེ་ཕྱུགས་ནད་སྨན་བཅོས་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་རེད།
         པ་སངས་ལགས་ཀྱིས"ཕྱུགས་རིགས་སྨན་པའི་ལས་ཀ་ནི་དཀའ་ངལ་ཧ་ཅང་ཆེ་བ་ཞིག་རེད། ངའི་ལས་ཀར་གོ་དོན་གནད་འཁེལ་གྱི་དུས་ཆེན་དང་གུང་སང་གི་ངལ་གསོའི་ཉིན་མོ་མེད་པར། གྲོང་མི་ཚོར་དགོས་མཁོ་ཡོད་ཚེ་ཉིན་མོ་དང་མཚན་མོ་གང་ཡིན་རུང་ང་ཚོས་ལམ་སེང་སྨན་བཅོས་བྱེད་པར་འགྲོ་དགོས། གྲོང་གསེབ་ལ་མཚོན་ནས་བརྗོད་ན། ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་ཞན་པའི་དབང་གིས། ཕྱུགས་རིགས་སྨན་པར་ངེས་པར་དུ་ཡོན་ཏན་འཐུས་ཚང་བ་ལྡན་དགོས་པ་སྟེ། གྲོང་ཚོའི་ནང་ཡོད་པའི་ཕྱུགས་རིགས་ཡོད་ཚད་ཚང་མའི་ནད་ང་ཚོས་སྨན་བཅོས་བྱེད་ཤེས་དགོས་ཤིང་། དེ་དག་བདེ་ཐང་ཡོང་བར་འགན་ལེན་བྱ་དགོས"ཞེས་བརྗོད་པ་རེད། 
         པ་སངས་ལགས་ཀྱིས"གྲོང་མིར་མཚོན་ནས་བཤད་ན། རང་ཁྱིམ་གྱི་ཕྱུགས་རིགས་ནི་ཧ་ཅང་གལ་ཆེན་པོ་ཡིན་པས་མེད་དུ་མི་རུང་བ་རེད། ལོ་འདི་དག་གི་རིང་ལ། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་འོག ང་ཚོའི་ལས་རིགས་འདི་ཡང་་རིམ་བཞིན་ཚད་ལྡན་དུ་གྱུར་ཡོད། ཡིན་ནའང་ངས་རྗེས་མར་ཕྱུགས་རིགས་སྨན་པ་རྣམས་ཀྱི་གླ་ཕོགས་མཐོ་རུ་བཏང་ནས་ཁོང་ཚོས་མི་སེར་ལ་ཞབས་ཞུ་སྔར་ལས་ལེགས་པར་ཞུ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས"བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།