འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1.2ལས་བརྒལ་བ། 

    འཕར་ཚད་མྱུར་པོ་ནས་སྤུས་ཚད་མཐོ་བའི་བར་འཕེལ་རྒྱས་སོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉ་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔར་རང་རྒྱལ་གྱི་ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1.2ལས་བརྒལ་ནས་སྔོན་རྩིས་བྱས་ན་ཉ་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་18450ཟིན་བཟོ་ཡོད་པ་དེ་དུས་མཚུངས་ལས་9.2%འཕར་རྒྱུ་ཡིན་པ་རེད། ཐོན་ལས་ཀྱི་གྲུབ་ཆ་རིམ་བཞིན་ལེགས་སྒྲིག་བྱུང་ནས་སོས་དལ་ཉ་ལས་འཕར་ཚད་མྱུར་པོ་རྒྱུན་འཁྱོངས་ཐུབ་ཡོད། ཉ་ལས་བདེ་འཇགས་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ཡིན་པ་དང་། 2017ལོར་ཉ་པ་གྲུ་གཟིངས་ཀྱི་ལས་འཛོལ་ཐོན་པ་དང་སྲོག་ཤོར་བའི་(གར་སོང་ཆ་མེད་སོང་བ་)མི་གྲངས་དུས་མཚུངས་ལས་34.7%དང་45%སོ་སོར་ཆག་པ་རེད། ཆུའི་ཐོན་རྫས་ཀྱི་ཐོན་ཡུལ་འཐེན་བཤེར་གྱི་ཚད་གཞི་ལོན་ཚད་99.7%ཟིན་པ་དང་དུས་མཚུངས་ཆུའི་ཐོན་རྫས་ཀྱི་སྤྱིའི་ཐོན་འབོར་གྱི་བརྒྱ་ཆའི་གྲངས་2.7ཆག་པ་དང་ཉ་བཟུང་བའི་ཐོན་འབོར་དུས་མཚུངས་ལས་4.7%ཆག་ཡོད་པ་རེད།
         ཉེ་བའི་ལོའི་ནང་སོས་དལ་ཉ་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་ཉ་པར་འབབ་འཕར་ཡོང་བའི་ཐབས་ལམ་གསར་པ་དང་ཉ་ལས་དཔལ་འབྱོར་འཕར་གཞི་གསར་པར་གྱུར་ཡོད། 2017ལོར་རྒྱལ་ཡོངས་ཀྱི་སོས་དལ་ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་700ལྷག་ཙམ་ཟིན་པ་དང་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་2.2ལ་སྣེ་ལེན་ཞུས་པས་འབབ་འཕར་དང་སྣོད་བཅུད་གཉིས་ཀར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།