འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཁས་དབང་ལ་ཚད་རྡུལ་རྩིས་རྒྱག་གི་ཞིབ་འཇུག་གྲུབ་འབྲས་གསར་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཡོན་ཧྲི་ཀོ་ཀོང་ཚན་གྱིས་སྣེ་ཁྲིད་པའི་ཀྲུང་གོ་ཚན་རིག་ཁང་གི་ཚད་རྡུལ་ཆ་འཕྲིན་གཙོ་གནད་ཚོད་ལྟ་ཁང་གིས་གློག་འདྲེན་ཕྱེད་རྫས་ཀྱི་ཚད་རྡུལ་རྩིས་རྒྱག་གི་སྙིང་ལྕགས་ལ་ཞིབ་འཇུག་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཚོད་ལྟ་ཁང་གི་ཀོ་ཀུའོ་ཕིང་གི་ཞིབ་འཇུག་ཚོགས་ཆུང་གིས་ཚད་རྡུལ་ཚེག་ཨང་གསུམ་པ་ཐོག་མར་བཅུག་ནས་ཚོད་འཛིན་དཔྱད་གྲངས་ལ་བརྩི་བ་དང་། ལྷད་འགྱུར་ཚད་རྡུལ་གསར་པར་པེ་ཐེའི་ཐེ་ཇུས་རང་བཞིན་གྱི་སྔོན་འགྲོའི་ཆ་རྐྱེན་ལྡན་པའི་འོག ལྷད་འགྱུར་ཚད་རྡུལ་གྱི་པེ་ཐེའི་ཚོད་འཛིན་རང་བཞིན་སྔར་བས་ཆེ་རུ་འགྲོ་གི་ཡོད། ཉིན་ཤས་གོང་རྒྱལ་སྤྱིའི་ཉེར་སྤྱོད་དངོས་ཁམས་རིག་པའི་རྩེར་སོན་དུས་དེབ་《ཉེར་སྤྱོད་དངོས་ཁམས་དཔྱད་གཏམ་》ཞེས་པའི་ནང་གྲུབ་འབྲས་དེ་ཡོངས་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།