འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་ལྕགས་ལམ་ལ་མ་འཇོག་སྒོར་དུང་ཕྱུར་7320ཟིན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་2ཉིན་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ལས་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2018ལོར་ཀྲུང་གོ་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་7320ཟིན་ནས་ལམ་ཐིག་གསར་པ་སྤྱི་ལེ་4000བསྐྲུན་རྒྱུ་དང་དེའི་ནང་ལས་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་3500བསྐྲུན་ནས། 2015ལོ་ཚུན་གྱི་མྱུར་བགྲོད་ལྕགས་ལམ་སྐྲུན་པའི་གཞི་ཁྱོན་གྱི་ཟིན་ཐོ་གསར་པ་གཏོད་རྒྱུ་ཡིན་པ་རེད།
          2017ལོར། ཀྲུང་གོས་ལྕགས་ལམ་སྐྲུན་པའི་ཐད་གཞི་ཁྱོན་ཇེ་ཆེ་དང་། མྱུར་ཚད་ཇེ་མགྱོགས། ཞན་ཆ་གསབ་པ། ཕན་འབྲས་ཇེ་ཆེ་བཅས་བྱུང་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ལྕགས་ལམ་ལ་མ་འཇོག་ཆེས་ཆེར་འཕར་ནས་དམངས་གཉེར་མ་རྐང་ཚོད་འཛིན་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཐད་ཐེངས་དང་པོར་ཚད་བརྒལ་བྱུང་བ་དང་། 2017ལོར། ཀྲུང་གོ་ལྕགས་ལམ་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་8010ཟིན་པ་དེའི་ཐོག་ནས་ཀྲུང་གོ་ལྕགས་ལམ་མ་འཇོག་ཐད་ལོ་བཞི་བསྟུད་མར་མ་འཇོག་སྒོར་དུང་ཕྱུར་8000ལས་བརྒལ་ནས། ལམ་ཐིག་གསར་པ་སྤྱི་ལེ་3038བསྐྲུན་ཏེ“གཞུང་བཞི་འཕྲེད་བཞིའི”མྱུར་བགྲོད་ལྕགས་ལམ་དྲ་བ་སྔ་ཙམ་སྐྲུན་གྲུབ་སྟེ་གཉེར་སྐྱོང་ཐུབ་པ་མཚོན་ཡོད་པ་རེད།
          ལྕགས་ལམ་དབུལ་སྐྱོར་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པ། ན་ནིང་དབུས་ནུབ་ས་ཁུལ་གྱི་གཞི་རྩའི་འཛུགས་སྐྲུན་ཐད་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3964བཏང་བ་དེས་རྒྱལ་ཡོངས་ལྕགས་ལམ་གཞི་རྩའི་འཛུགས་སྐྲུན་མ་འཇོག་གི་69.4%ཟིན་པ་དང་། གཅིག་སྡུད་ཡུག་སྦྲེལ་ས་ཁུལ་དབུལ་པོ་14དང་། གསར་བརྗེའི་ཁུལ་རྙིང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་ལྕགས་ལམ་གཞི་རྩའི་འཛུགས་སྐྲུན་ཐད་ཀྱི་རིམ་རྩིས་མ་འཇོག་གིས་སྤྱིའི་མ་འཇོག་གི76%ཟིན་ཡོད་པ་རེད།
         འཐུས་སྒོ་ཇེ་ཚང་ནས་ཇེ་ཚང་དུ་འགྲོ་བཞིན་པའི་ལྕགས་ལམ་དྲ་རྒྱ་ལས་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་9.6%འཕར་ནས། 2017ལོར་ལྕགས་ལམ་གྱི་སྐྱེལ་འདྲེན་ཡོང་འབབ་དུས་མཚུངས་ལས་སྒོར་དུང་ཕྱུར་1010འཕར་ནས་འཕར་ཚད་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་30ལས་བརྒལ་བ་དང་། དེ་དག་ལས་ཤུགས་འགྲེམས་མེ་འཁོར་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་17.13སྐྱེལ་འདྲེན་བྱས་པ་དེས་56.4%ཡན་ཟིན་པ་དང་། “བསྐྱར་དར་རྟགས་ཅན”གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་350རེ་ཟིན་པའི་ཚོང་ལས་གཉེར་སྐྱོང་མངོན་འགྱུར་བྱུང་ནས་འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་གཉེར་སྐྱོང་གི་ཚད་ཤིང་གསར་པ་ཞིག་བཙུགས་ཡོད་པ་རེད།
          ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའུ་ཏུང་ཧྥུའུ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་ཁྲི་3.9ཟིན་ནས་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་1.57གསར་དུ་བསྐྲུན་པ་འདི་ནི་ལོ་རྒྱུས་ཐོག་གི་ལྕགས་ལམ་མ་འཇོག་བྱེད་མང་ཤོས་ཀྱི་དུས་སྐབས་ཤིག་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།