འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འཁྲུག་ཆ་དོད་པའི་ཀྲུང་གོའི་ལེ་ཚན་གྱིས་ཨ་རིའི་ཉིའུ་གཡོད་ཀྱི་ལོ་གསར་བསུ་བའི་མཛད་སྒོར་
    སྤྲོ་སྣང་སྦྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཁྲུག་ཆ་དོད་པའི་ཀྲུང་གོའི་ལེ་ཚན་གྱིས་ཨ་རིའི་ཉིའུ་གཡོད་ཀྱི་ལོ་གསར་བསུ་བའི་མཛད་སྒོར་
སྤྲོ་སྣང་སྦྱིན་པ།
         མི་དམངས་དྲ་བའི་འཕྲིན། མཚར་སྡུག་རྣམ་པར་བཀྲ་བའི་མིག་གི་སྟོན་མོ་ཞིག་གར་སྟེགས་ཐོག་འཁྲབ་བཞིན་ཡོད་པ་དང་། སྐེ་དཀྲིས་དམར་པོ་བཅིངས་པའི་ལྟད་མོ་བས་གར་སྟེགས་འོག་དགའ་འབོད་བྱེད་བཞིན་ཡོད། 2017ལོའི་ཟླ་12ཚེས་31ཉིན“འཛམ་གླིང་གི་ལམ་མདོ་ཁར”གྲགས་པའི་ཨ་རིའི་ཉིའུ་གཡོད་དུས་རབས་ཚགས་པར་ཐང་ཆེན་དུ་ལོ་གསར་པར་སླེབས་པའི་དུས་ཚོད་ལྡོག་རྩིས་ཀྱི་མཛད་སྒོ་གཟབ་རྒྱས“ཀྲུང་གོའི་འབྲུག་རྩེད”རྩེ་བ་དང“དམར་མདངས་བཀྲ་བའི་ཀྲུང་གོ”ཞེས་པ་ལས་འགོ་ཚུགས་པ་རེད།
         “འབྲུག་རྩེད་དེ་ལྟད་མོ་ཆེ་བས་ངས་འབྲེལ་ཡོད་ཀྲུང་གོའི་རིག་གནས་ལ་ཡ་མཚན་སྐྱེས་བྱུང”ཞེས་དུས་རབས་ཚགས་པར་ཐང་ཆེན་མནའ་འབྲེལ་གྱི་ཀྲུའུ་ཞི་ཏི་མུའུ·ཐང་ཕུ་ཅིན་སིས་བཤད། ཁོང་གིས་འདས་ཟིན་པའི་ལོ་ཤས་ནང་ མི་རྣམས་ཀྱིས་ཀྲུང་གོའི་ས་གནས་མི་འདྲ་བའི་འཁྲབ་སྟོན་ལྟ་རྒྱུ་བྱུང་བ་དང་ཀྲུང་གོའི་ཡུན་རིང་གི་ལོ་རྒྱུས་དང་གཏིང་ཟབ་པའི་རིག་གནས་རྒྱུས་མངའ་ཐུབ་པ་དེ་ནི་དགའ་འོས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་ཨ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱིས་ལོ་བདུན་བསྟུད་མར་ཉིའུ་གཡོད་དུས་རབས་ཐང་ཆེན་མནའ་འབྲེལ་དང་ལག་གདང་སྦྲེལ་ནས་ལོ་གསར་པ་སླེབས་ལ་ཉེ་བའི་སྐབས་སུ་འཛམ་གླིང་ཡོངས་ཀྱི་ལྟད་མོ་བར་ཀྲུང་ཧྭ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“རི་ཆུའི་ཞིང་ཁམས། མཛེས་པའི་ཁྲུང་ཆིང”ཞེས་པ་དེ་ཡིན། གོང་གི་པར་རིས་ནི་2017ལོའི་ཟླ་12ཚེས་31ཉིན། ཨ་རིའི་ཉིའུ་གཡོད་དུས་རབས་ཚགས་པར་ཐང་ཆེན་གྱི་ལོ་གསར་ལྡོག་རྩིས་མཛད་སྒོའི་ཐོག་ཀྲུང་གོའི་ཁྲུང་ཆིང་ཐུང་ལེང་ནས་ཡིན་པའི་འཁྲབ་སྟོན་པས་འབྲུག་རྩེད་རྩེ་བཞིན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།