འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་དེང་རབས་སྔོ་ཚལ་ཐོན་ལས་མ་ལག་གཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྔོ་ཚལ་ཐོན་ལས་ཀྱི་ཚད་བརྒལ་གསར་པར་སྐུལ་འདེད་གཏོང་བ་དང་། སྔོ་ཚལ་གྱི་བཀོད་པ་ས་ཁོངས་ཅན་དང་། གཞི་ཁྱོན་ཅན། ཚད་གཞི་ཅན། ལེགས་བསྡུས་ཞིབ་གཉེར་ཅན། སྤུས་ཚད་ཅན། སྣ་མང་ཅན། ཐོན་ལས་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་སྔོ་ཚལ་ཐོན་ལས་མ་ལག་གཏོད་ཆེད། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ཁྱད་ཆོས་ལྡན་པའི་ས་མཐོའི་ཞིང་ལས་ཐོན་ཁུངས་དང་ཆ་རྐྱེན་ལ་གཞི་ཚུགས་ནས་སྣོད་བཅུད་བཟང་པོ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་སྔོ་ཚལ་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུ་འགན་ལེན་དང་ཞིང་འབྲོག་པར་རྒྱུན་མཐུད་ངང་འབབ་འཕར་གང་མགྱོགས་ཡོང་རྒྱུ་སྐུལ་འདེད་གཏོང་རྒྱུ་དེ་ལྟེ་བར་འཛིན་ཏེ་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་ཞིང་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་བ་དང་། སྔོ་ཚལ་མུའུ་རེའི་ཐོན་ཚད་དང་། སྤུས་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་མ་གནས་དམའ་རུ་བཏང་སྟེ་སྔོ་ཚལ་གྱི་ཕྱོགས་བསྡུས་ཁེ་ཕན་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་སྔོ་ཚལ་ཐོན་འབོར་ཏུན་ཁྲི་100ཟིན་པ་བྱ་རྒྱུ་ཡིན་པ་རེད།
          《“ལོ་ལྔ་ཚན་བཅུ་གསུམ་པའི”བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་འཆར་འགོད་》ནང་གཏན་འཁེལ་བྱས་པའི་སྔོ་ཚལ་ཐོན་སྐྱེད་ལྟེ་བའི་ཁུལ་གྱི་བཀོད་པའི་བླང་བྱ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྫོང་དང་ཆུས་22ཀྱི་ལེགས་ལྡན་སྔོ་ཚལ་ཐོན་སྐྱེད་ལྟེ་བའི་ཁུལ་གཙོ་གནད་དུ་བརྩིས་ནས་སྔོ་ཚལ་ཐོན་སྐྱེད་ཀྱི་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་བ་དང་། ས་ཆའི་ཐོན་ཁུངས་སྤྱི་འདོམས་དང་ས་རྒོད་དང་གྲམ་ཐང་གང་ལེགས་སྤྱད་དེ་ས་མེད་འདེབས་གསོའི་སྔོན་ཐོན་ལག་རྩལ་གསར་སྤེལ་བེད་སྤྱོད་བྱེད་པ་དང་། སྔོ་ཚལ་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས་སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་རིམ་བཞིན་ཆེ་རུ་གཏོང་བ་དང་། སྔོ་ཚལ་མཁོ་འདོན་གྱི་འགན་ལེན་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ནས་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་45ཡན་ཟིན་རྒྱུའི་བརྩོན་ལེན་བྱེད་པའི་ཁྲོད་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི་10དང་ས་སྟེང་ཐོག་བཏབ་པའི་སྔོ་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་35ཟིན་པ་བྱ་རྒྱུ་དང་། སྔོ་ཚལ་ཐོན་སྐྱེད་ཀྱི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་ཚལ་ཐོན་སྐྱེད་བཀོད་སྒྲིག་བྱེད་པ་དང་། སྔོ་ཚལ་གྱི་སྣ་ཁའི་གྲུབ་ཆ་དང་ས་ཁོངས་བཀོད་པ་ལུགས་མཐུན་བཀོད་སྒྲིག་བྱ་རྒྱུ། སྔོ་ཚལ་ཐོན་སྐྱེད་ཀྱི་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྔོ་ཚལ་འདེབས་འཛུགས་མི་སྣའི་ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ། ཞིང་པའི་སྒོ་རྩིས་ཚོང་ཁང་དང་། ཞིང་པའི་ཁེ་ལས། ཞིང་པའི་མཉམ་ལས་ཁང་སོགས་རྣམ་པ་སྣ་ཚོགས་ཀྱི་ཐད་ཀར་མཁོ་འདོན་དང་ཕྱིར་ཚོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཐོན་ཚོང་གི་སྦྲེལ་ཐག་གཏོད་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་སྔོ་ཚལ་འདེབས་འཛུགས་དུད་ཚང་གིས་དགུན་དུས་ཉི་འོད་དྲོད་ཁང་དང་དྲོད་ཁང་ཆེ་མོའི་དྲོད་ཡག་པོ་བསྲུངས་བ་དང་གནོད་འཚེ་སྔོན་འགོག་གི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁྲིད་སྟོན་བྱས་ནས་གནོད་འཚེ་དང་གྱོང་གུན་ཉུང་དུ་བཏང་སྟེ་ཁྲོམ་རར་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུའི་འགན་ལེན་བྱེད་པ་བཅས་དང་། ཞིང་སྤྱོད་དངོས་རྫས་བདེ་འཇགས་ངང་སྤྱོད་པ་དང་ཐོན་སྐྱེད་ཕྱིར་ཚོང་བྱ་རྒྱུ་དེ་ལྷུ་ཚིགས་གལ་ཆེན་དུ་བརྩི་བ་དང་སྔོ་ཚལ་ཐོན་སྐྱེད་བྱ་རྒྱུ་དེ་ཁྱབ་ཁོངས་གལ་ཆེན་དུ་བརྩིས་ནས་ལྗོངས་ཡོངས་སུ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་རྒྱུ་དང་། སྤྱོད་མི་ཆོག་པའི་ཞིང་སྨན་དང་རྫས་འགྱུར་དངོས་པོ་ཁྲིམས་འགལ་ངང་ཐོན་སྐྱེད་ཕྱིར་ཚོང་བྱེད་པའི་བྱེད་སྤྱོད་གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་ལྷག་པར་དུ་སྔོ་ཚལ་གྱི་ཞིང་སྨན་ལྷག་འཕྲོར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་བློ་བདེ་པོའི་ངང་ཚལ་ཟ་རྒྱུ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།