འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་དངུལ་འབྲེལ་གཱ་ཡི་ཉོ་ཚོང་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་
    ཟིན་ཐོ་གསར་པ་སླར་ཡང་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དངུལ་ཁང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་། དངུལ་འབྲེལ་དྲ་རྒྱའི་ཉོ་ཚོང་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། 2018ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང(2017ལོའི་ཟླ་12ཚེས་30ཉིན་ནས་2018ལོའི་ཟླ་1ཚེས་1ཉིན་བར། གཤམ་དང་གཅིག་པ་ཡིན)དངུལ་འབྲེལ་དྲ་རྒྱའི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་7008ཟིན་ནས་ན་ནིང་གི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་(2016ལོའི་ཟླ་12ཚེས་31ཉིན་ནས་2017ལོའི་ཟླ་1ཚེས་2ཉིན་བར)དང་བསྡུར་ན་36.8%འཕར་ནས་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད། དེའི་ནང་སྒུལ་བདེའི་གཏོང་སྤྲོད་ཐད། “སྤྲིན་གྱི་མྱུར་སྤྲོད”ཀྱི་APPབཏོད་པ་དེ་ལས་དངུལ་འབྲེལ་གྱི་རྩ་གཉིས་ཨང་རྟགས་བརྒྱུད་དེ་ཉོ་ཚོང་བྱེད་གྲངས་དང་དངུལ་འབོར་ལ་སྐུལ་ཁྲིད་བྱས་ནས་ན་ནིང་གི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་(2017ལོའི་ཟླ་5ཚེས་28ཉིན་ནས་ཟླ་5ཚེས་30ཉིན་བར)དང་བསྡུར་ན་སོ་སོར་ལྡབ་11.6དང་ལྡབ་19.8འཕར་ཏེ་སྤྱོད་མཁན་མང་པོའི་དགའ་བསུ་ཐོབ་ཡོད་པ་རེད།
         སྤྱིའི་འཛད་སྤྱོད་ཀྱི་གྲུབ་ཆ་ནས་བལྟས་ན། ཚོང་གཉེར་བས་ལོ་གསར་གྱི་བྲིན་ཚོང་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་བར་བརྟེན། ཟོག་ཉོའི་རིགས་ཀྱི་འཛད་སྤྱོད་དེ་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་གི་འཛད་སྤྱོད་གཙོ་བོར་གྱུར་ནས་འཛད་སྤྱོད་དངུལ་གྲངས་ན་ནིང་གི་དུས་མཚུངས་ལས་41.9%འཕར་བའི་ནང་སྒོ་རྩིས་ཚོང་ཁང་དང་། རྒྱུན་མཁོའི་རྒྱ་ཟོག ཁྱིམ་སྤྱོད་གློག་ཆས་ཆེ་གྲས་བཅས་འཛད་སྤྱོད་མང་ཤོས་ཡིན་པས་ཟོག་ཉོའི་རིགས་ཀྱི་འཛད་སྤྱོད་དངུལ་གྲངས་ཀྱི་83%བཟུང་ཡོད། “དངོས་ཟོག་ཉར་གསོག”དང“གསར་བརྗེས”ནི་མི་སེར་ཚོས་གནམ་ལོ་གསར་ཚེས་རིང་འཛད་སྤྱོད་བྱེད་པའི་བརྗོད་དོན་གལ་ཆེན་ཞིག་རེད།
         ལོ་གསར་འཛད་སྤྱོད་ཀྱིས་དར་སྲོལ་གསར་པ་སྣེ་ཁྲིད་བྱས་པ། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་། དགའ་ཉེ་སྤུན་མཆེད་དང་མཉམ་དུ་ལོ་གསར་གཏོང་བ་ནི་མི་སེར་གྱི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་དུས་ཀྱི་དར་སྲོལ་གསར་པར་གྱུར་ཡོད། དངུལ་ཁང་གི་གཱ་སྤྱད་ནས་འཛད་སྤྱོད་བྱེད་པའི་གྲངས་གཞི་ནས་ཤེས་གསལ། གནམ་ལོ་གསར་ཚེས་མ་ཤར་གོང་དང་ཤར་རྗེས་ཀྱི་བཟའ་བཏུང་དང་ཟོག་ཉོའི་འཛད་སྤྱོད་དངུལ་གྲངས་ན་ནིང་གི་དུས་མཚུངས་ལས་སོ་སོར་148%དང་121%འཕར་ནས་ཉིན་མོའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད།
         ལོ་གཅིག་གི་ལས་བྲེལ་མཚམས་བཞག་རྗེས། དགའ་ཉེ་སྤུན་མཆེད་རྣམས་ལྷན་དུ་འཛོམས་ནས་ལོ་གསར་དགའ་གཏོང་བྱེད་པ་དེ་མི་དེ་བས་མང་བས་ལོ་གསར་ལ་རྟེན་འབྲེལ་ཞུ་སྟངས་གཙོ་བོར་གྱུར་ཡོད། དངུལ་འབྲེལ་གཱ་ཡི་འཛད་སྤྱོད་གྲངས་གཞི་ལས་མངོན་དོན། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་སྐབས་སུ་རྒྱལ་ནང་དུ་བཟང་བཏུང་རིགས་ཀྱི་ཚོང་དུད་སར་དངུལ་འབྲེལ་གཱ་སྤྱད་ནས་འཛད་སྤྱོད་བྱེད་པའི་དངུལ་གྲངས་དུས་མཚུངས་ལས་བཅུ་ཆ་བདུན་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།