འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།《པེ་ཅིང་གི་2022ལོའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་དང་དགུན་
    དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་》ཀྱི་དྲན་རྟེན་སྦྲག་
    འཛིན་ཐོག་མར་འགྲེམས་སྤེལ་བྱེད་པའི་མཛད་སྒོ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་12ཚེས་31ཉིན་པེ་ཅིང་གི་2022ལོའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་དང་མཉམ་འབྲེལ་ཐོག“པེ་ཅིང་གི་2022ལོའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ཀྱི་དྲན་རྟེན་སྦྲག་འཛིན་(སྦྲག་སྲིད་དངོས་པོ)གཉེར་སྐྱོང་ཆོག་པའི་དམིགས་བསལ་དབང་ཆའི་གྲོས་མཐུན་ལ་མིང་རྟགས་འགོད་པ་དང་《པེ་ཅིང་གི་2022ལོའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་》ཀྱི་དྲན་རྟེན་སྦྲག་འཛིན་ཐོག་མར་འགྲེམས་སྤེལ་བྱེད་པའི་མཛད་སྒོ་འཚོགས་པ་རེད།
           ཚོགས་རྟགས་དྲན་རྟེན་སྦྲག་འཛིན་ཆ་ཚང་གཅིག་ལ་སྦྲག་འཛིན་གཉིས་ཡོད་པ་དང་། གཅིག་ནི་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་ཡིན་པ་དང་གཅིག་ཤོས་ནི་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་རེད། སྦྲག་འཛིན་གྱི་འཆར་འགོད་ཀྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཚོགས་རྟགས་ཀྱི་སྙིང་སྟོབས་གང་ལེགས་མངོན་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།