འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་2018ལོའི་ལོ་གསར་རོལ་དབྱངས་འདུ་ཚོགས་ལ་བོད་ཀྱི་གཏམ་རྒྱུད་བརྗོད་
    ཅིང་བོད་ཀྱི་དབྱངས་རྟ་དཀྲོལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱིས་2018ལོའི་ལོ་གསར་རོལ་དབྱངས་འདུ་ཚོགས་ལ་བོད་ཀྱི་གཏམ་རྒྱུད་བརྗོད་
ཅིང་བོད་ཀྱི་དབྱངས་རྟ་དཀྲོལ་བ།
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་12ཚེས་30ཉིན་གྱི་དགོང་མོ་བོད་རང་སྐྱོང་ལྗོངས་ལྷ་མོའི་འཁྲབ་སྟོན་ལྟེ་གནས་ནས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་གྲགས་ཤིང་། 《གངས་ལྗོངས་བུ་ཕྲུག་གི་བློ་ཁ་ཏང་ལ་ཕྱོགས་》ཞེས་པའི་བརྗོད་དོན་གཙོ་བོའི་ལོ་གསར་གྱི་མཉམ་སྒྲོག་རོལ་དབྱངས་བོད་ལྗོངས་དབྱངས་དགའ་རོལ་དབྱངས་ཚོགས་པ་དང་བོད་ལྗོངས་གངས་ལྷ་མེ་ཏོག་བྱིས་པའི་སྒྱུ་རྩལ་ཚོགས་པའི་མཉམ་འབྲེལ་འཁྲབ་སྟོན་འོག་དགའ་སྤྲོའི་ངང་འགོ་ཚུགས་ཤིང་དེར་འདུས་ལྟད་མོ་བ་བློ་དགའ་ཡིད་ཚིམ་བྱུང་བ་རེད།
         ཆུ་ཚོད་19དང་སྐར་མ་30ཙམ་ལ་《པེ་ཅིང་གི་གཏམ་བཟང་མཐའ་མཚམས་གྲོང་སྡེར་ཁྱབ་》ཅེས་པའི་འགྱུར་ཁུག་དང་བསྟུན་ནས་རོལ་དབྱངས་འདུ་ཚོགས་དངོས་སུ་འགོ་ཚུགས། དེ་རྗེས་《གངས་ལྗོངས་དང་པེ་ཅིང་སེམས་པ་གཅིག་ལ་འབྲེལ་》དང་། 《ཕ་ཡུལ་གྱི་ཡུལ་སྨད་ཆུ་བོ་》 《ཡུལ་སྨད་བུ་ཕྲུག་གི་བློ་ཁ་ཏང་ལ་ཕྱོགས་》 《མེས་རྒྱལ་གྱི་བོད་ལྗོངས་》སོགས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་གྱི་དྲིན་ཚོར་བའི་གླུ་གཞས་རེ་རེ་གསན་པ་པོ་ཚོའི་དགའ་བསུ་ཞུ་བའི་སྒྲ་དང་བསྟུན་ནས་དཀྲོལ་བ་རེད།
         “ཚོགས་ཆེན་བཅུ་དགུ་པ་མཇུག་འགྲིལ་མ་ཐག བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་གནས་ཤིང་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་ཤང་ཡུལ་སྨད་ཀྱི་གཅེན་གཅུང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བ་དང་། འཕྲིན་ལན་གྱི་ཡིག་འབྲུ་རེ་རེ་ལས་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་དྲོ་སྐྱིད་སྦྱིན་པ་མཚོན་ཡོད། འདི་ལོའི་རོལ་དབྱངས་འདུ་ཚོགས་ལ་ང་ཚོས་ནང་དོན་དེ་གཙོ་རྐང་དུ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གི་བློ་ཁ་ཏང་ལ་ཕྱོགས་པའི་ལངས་ཕྱོགས་དང་དམ་བཅའ་བརྟན་པོ་ཟོལ་མེད་ངང་མཚོན་པར་བྱས་ཡོད”ཅེས་བོད་ལྗོངས་དབྱངས་དགའ་རོལ་དབྱངས་ཚོགས་པའི་དབུ་བཞུགས་བཀོད་འདོམས་པ་སྤེན་པས་དེ་ལྟར་བཤད།
         སྤེན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྨད་དང་ཡུལ་སྨད་མི་དམངས་ཀྱི་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་དེ་བས་ལེགས་པའི་སྒོ་ནས་མཚོན་ཆེད། བོད་ལྗོངས་རིག་གནས་ཐིང་གིས་ཚིག་དང་གདངས་རྩོམ་མཁན་ཡུལ་སྨད་ཤང་དུ་བཏང་སྟེ། དུས་ཡུན་ཟླ་བ་གསུམ་གསར་རྩོམ་བྱས་པ་དང་མཐར་རོལ་དབྱངས་འདུ་ཚོགས་མ་འཚོགས་གོང་གསར་རྩོམ་གླུ་གཞས་4བདམས་པ་རེད།
         གཞན་ཡང་འདི་ལོའི་རོལ་དབྱངས་འདུ་ཚོགས་ནི་བོད་ལྗོངས་དབྱངས་དགའ་རོལ་དབྱངས་ཚོགས་པ་དང་བོད་ལྗོངས་ལྷ་སའི་སློབ་གྲྭ་17གྱི་སློབ་མ་བརྒྱ་ཙམ་གྱིས་མཉམ་དུ་འཁྲབ་སྟོན་བྱས་ཤིང་། དེ་ནི་བོད་ཀྱི་ལོ་གསར་རོལ་དབྱངས་འདུ་ཚོགས་བསྟུད་མར་ལོ་18འཚོགས་ཚུན། བོད་ལྗོངས་དབྱངས་དགའ་རོལ་དབྱངས་ཚོགས་པས་བོད་ལྗོངས་བྱིས་པའི་སྒྱུ་རྩལ་ཚོགས་པ་དང་མཉམ་དུ་འཁྲབ་སྟོན་བྱས་པའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་དང་པོ་དེ་རེད།
         ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་སློབ་ཆུང་གི་ལོ་12ལ་སླེབས་པའི་བསྟན་འཛིན་གཡུ་སྒྲོན་རོལ་དབྱངས་འདུ་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་སྟབས། སེམས་ལ་དགའ་སྤྲོས་ཁེངས་ཤིང་། ཁོང་གིས“ང་ཚོའི་རོལ་དབྱངས་འདུ་ཚོགས་ལས་གོ་ལ་ཧྲིལ་པོའི་མི་རྣམས་ཀྱིས་བོད་ནི་ཡིད་དབང་རབ་ཏུ་འཕྲོ་བ་དང་། བོད་ཀྱི་ཕྲུ་གུ་ནི་ལྷད་མེད་གྲུང་ཤ་དོད་པ། བོད་ཀྱི་འབྱུང་འགྱུར་ནི་རེ་བས་ཁེངས་པ་ཞིག་ཡིན་པ་ཚོར་རྒྱུའི་རེ་བ་ཡོད”ཅེས་བཤད།
         “བོད་ཀྱི་འགྱུར་ཁུག་དང་། བོད་ཀྱི་གཏམ་རྒྱུད། བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་རོལ་དབྱངས་འདུ་ཚོགས་ལས་ང་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་ཆེན་པོ་བྱེད་པའི་སེམས་ཤུགས་འཕེལ་བྱུང་། རོལ་དབྱངས་འདུ་ཚོགས་དངོས་ནས་ལྟད་མོ་ཆེན་པོ་འདུག བོད་དང་མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་ལྷ་ས་གྲོང་ཁྱེར་གྱི་ལས་འཁྱུར་ལས་བྱེད་པ་རྒན་གྲས་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད།
    ༄༅།།བོད་ལྗོངས་ཀྱིས་2018ལོའི་ལོ་གསར་རོལ་དབྱངས་འདུ་ཚོགས་ལ་བོད་ཀྱི་གཏམ་རྒྱུད་བརྗོད་
ཅིང་བོད་ཀྱི་དབྱངས་རྟ་དཀྲོལ་བ།
      

    ཕྱོགས་བསྡུས་གསར་འགྱུར།