འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་འགྱུར་ལྡོག་ཆེན་པོ་གསུམ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་
    རྒྱག་རྒྱུར་འགན་ལེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ནས་29ཉིན་བར་འཚོགས་པའི་རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་གཏན་འཁེལ་བྱས་དོན། 2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དེ་རོགས་སྐྱོར་བྱ་ཡུལ་གནད་འཁེལ་ངང་འཚོལ་བ་ནས་གནད་སྨིན་རོགས་སྐྱོར་བྱས་ཏེ་བརྟན་པོའི་ངང་དབུལ་སྒྲོལ་བྱ་རྒྱུའི་བར་བསྒྱུར་བ་དང་། དབུལ་སྒྲོལ་མྱུར་ཚད་ལ་དོ་ཁུར་བྱེད་པ་ནས་དབུལ་སྒྲོལ་སྤུས་ཚད་འགན་ལེན་བྱ་རྒྱུའི་བར་བསྒྱུར་བ། གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱ་རྒྱུ་གཙོ་བོ་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་དང་འགན་ལེན་རྣམ་པའི་དབུལ་སྐྱོར་གལ་ཆེ་མཉམ་དུ་འཇོག་རྒྱུའི་བར་བསྒྱུར་བ་བཅས་བྱས་ཏེ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་འགན་ལེན་བྱེད་དགོས།
         ཚོགས་འདུའི་ཐོག་གཏན་འཁེལ་བྱས་དོན། 2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་སྤྱིའི་བླང་བྱ་ནི“ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་གཙོ་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན”བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་མཐའ་འཁྱོངས་བྱས་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གཙོ་གནད་དུ་བྱེད་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུ་སྟོན་ཕྱོགས་སུ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། 2017ལོ་ཚུན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་ལོ་འཁོར་གྱི་དབུལ་པོ་ཉུང་གཏོང་གི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཐུབ་ནས་མི་འབོར་དབུལ་པོ་ཁྲི་1000ཡན་སླར་ཡང་ཉུང་དུ་ཕྱིན་ཡོད། ཕྱོགས་ཁག་གི་འབད་བརྩོན་ལྷོད་མེད་བརྒྱུད། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ལོ་ལྔའི་ནང་དབུལ་པོ་ཁྲི་6600ལྷག་ཙམ་ཉུང་དུ་ཕྱིན་པ་དང་ལོར་ཆ་སྙོམས་དབུལ་པོ་ཁྲི་1300ཡན་ཉུང་དུ་ཕྱིན་ཡོད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་དང་པོ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩའི་ལོ་ཞིག དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལོ་ཞིག་བཅས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་2018ལོ་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལོར་གཏན་འཁེལ་བྱས་པ་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་སྟོབས་ཤུགས་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་དགོས།
         ཚོགས་འདུའི་ཐོག་གཏན་འཁེལ་བྱས་དོན། 2018ལོའི་དབུལ་སྐྱོར་ལས་དོན་གྱིས་2018ལོའི་མི་འབོར་དབུལ་པོ་དབུལ་སྒྲོལ་དང་རྫོང་དབུལ་པོ་དབུལ་ཞྭ་འབུད་པའི་འཆར་གཞི་གཙོ་གནད་ཐོག་གཏན་འཁེལ་བྱས་ནས་དབུལ་སྒྲོལ་གྱི་འགུལ་རྣམ་འཆར་གཞི་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ལོ་གསུམ་བྱ་སྤྱོད་ཀྱི་མཛུབ་ཁྲིད་བསམ་འཆར་བཟོ་རྒྱུ། “ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་གནད་སྨིན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གནད་སྨིན་ཇུས་འདོན་ལ་དམ་འཛིན་ཏན་ཏིག་དང་སྐུལ་འདེད་གཏོང་རྒྱུ། སྤྱོད་ཚུལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ། དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་འབྲེལ་བྱས་ནས་དབུལ་སྒྲོལ་གྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱ་རྒྱུ། ལྟ་བཤེར་སྐོར་ཞིབ་དང་དཔྱད་ཞིབ་དཔྱད་དཔོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་དང་གནད་འཁེལ་དབུལ་སྐྱོར་སོགས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།