འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཆམ་རིམས་ཕོག་སླ་བའི་དགུན་དུས་ཤར་བ། 

    རིགས་གཅིག་མཁས་ཅན་གྱིས་ཆམ་རིམས་སྔོན་འགོག་གི་ཐབས་བཟང་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རང་རྒྱལ་གྱི་ལྷོ་རྒྱུད་དང་བྱང་རྒྱུད་དུ་ཆམ་རིམས་ཕོག་སླ་བའི་དགུན་དུས་ཤར་ཞིང་། རིགས་གཅིག་མཁས་ཅན་གྱིས་ཆམ་རིམས་ཕོག་ཉེན་ཆེ་བའི་མི་ཚོགས་ལ་རིམས་འགོག་སྨན་ཁབ་སྔོན་ལ་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།
         ཆམ་རིམས་སྔོན་འགོག་གང་འདྲ་བྱེད་དགོས་པའི་ཐད། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་རིམས་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ཐབས་ཤེས་ཡག་ཤོས་ཤིག་རེད། རིམས་འགོག་སྨན་ཁབ་བརྒྱབ་ན་ཆམ་རིམས་དང་མཉམ་བྱུང་ནད་རིགས་ཚབས་ཆེན་ཕོག་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་ཐུབ་ཅེས་བཤད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒན་རྒོན་དང་། བྱིས་པ། སྦྲུམ་མ། གཅོང་ནད་ཕོག་མཁན། སྨན་དོན་མི་སྣ་སོགས་ཆམ་རིམས་ཕོག་ཉེན་ཆེ་བའི་མི་ཚོགས་ལ་ལོ་ལྟར་རིམས་འགོག་སྨན་ཁབ་སྔོན་ལ་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།