འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མི་སྟོང་ལྷག་གངས་དཀར་རི་རྩེར་འཛེགས་ནས་2018ལོ་གསར་བསུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མཚོ་སྔོན་གྱི་མི་སྟོང་ལྷག་གངས་དཀར་རི་རྩེར་འཛེགས་ནས་2018ལོ་གསར་བསུས་པ།
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་1ཚེས་1ཉིན་ཏེ་ལོ་གསར་པའི་ཉིན་དང་པོའི་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཁང་ཕྱིའི་རི་འཛེགས་ལ་དགའ་པོ་བྱེད་མཁན་མི་2000ལྷག་གངས་དཀར་རི་རྩེར་འཛོམས་ཏེ་རིར་འཛེགས་ལུས་རྩལ་གྱི་རྣམ་པའི་ཐོག་ནས་ལོ་གསར་པ་བསུས་པ་རེད།
         ཉིན་དེར། "ཀྲུང་གོ་ལུས་རྩལ་རྒྱན་ཤོག་བུམ་པའི"2018ལོའི་རྒྱལ་ཡོངས་ཀྱི་ལོ་གསར་རི་འཛེག་ལུས་སྦྱོང་ཚོགས་ཆེན་གྱི་མཚོ་སྔོན་ཡན་ལག་ཚོགས་རའི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མུན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་གངས་དཀར་རི་བོར་གཉེར་བ་རེད།
         གངས་དཀར་རི་བོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5254.5ཡོད་ཅིང་། མདོ་ལ་རིང་མོའི་རི་རྒྱུད་ཤར་ཕྱོགས་ཀྱི་རི་བོ་མཐོ་ཤོས་ཡིན་པ་དང་། ལོ་ཧྲིལ་པོར་རི་རྩེར་གངས་ཀྱིས་བཀླུབས་ཤིང་། དངུལ་མདོག་ཅན་གྱི་བཀྲག་མདངས་ལྡན་པས་གཡུ་འབྲུག་ཞིག་དང་འདྲ། ཉེ་བའི་ལོ་ཤས་རིང་། གངས་དཀར་རི་བོར་རི་འཛེག་དང་གངས་ཤུད་ཚོགས་ཆེན་ལོ་མང་བསྟུད་མར་གཉེར་བའི་རྐྱེན་གྱིས་གངས་དཀར་རི་བོ་ནི་ཁང་ཕྱིའི་རི་འཛེག་དང་གངས་ཤུད་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོའི་ཕུགས་རེའི་འགྲོ་ས་ཞིག་ཏུ་གྱུར་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།མཚོ་སྔོན་གྱི་མི་སྟོང་ལྷག་གངས་དཀར་རི་རྩེར་འཛེགས་ནས་2018ལོ་གསར་བསུས་པ།
      

    ཕྱོགས་བསྡུས་གསར་འགྱུར།