འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་འགན་དམིགས་ཚད་ཕྱོགས་ཡོངས་ནས་གྲུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་ལྕགས་ལམ་འཛུགས་སྐྲུན་དང་ལྷག་དོན་དུ་དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་2017ལོའི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་8000ཡན་དང་ལམ་གསར་སྤྱི་ལེ་2100ལྷག་གཉེར་སྐྱོང་སོགས་ཀྱི་ལས་འགན་དམིགས་ཚད་ཁྱོན་ཡོངས་ནས་གྲུབ་པ་རེད།
         2017ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐད་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་8010བྱས་ནས་སྔ་རྗེས་སུ་པའོ་ཅི་ནས་ལན་ཀྲོའུ་དབར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཤིས་ཨན་ནས་ཁྲེང་ཏུའུ་དབར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཤིས་ཨན་ནས་ཅང་ཡིའུ་དུམ་བུ། ཧྲི་ཅ་ཀྲོང་ནས་ཅིས་ནན་དབར་གྱི་མྱུར་བགྲོད་ལྕགས་ལམ་སོགས་རྣམ་གྲངས་གཉེར་སྐྱོང་བྱས་པར་ལམ་ཐག་སྤྱི་ལེ་3038ཟིན་ཡོད། 2017ལོའི་ལོ་མཇུག་བར་རང་རྒྱལ་གྱི་ལྕགས་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ་ཁྲི་12.7ཟིན་པའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་2.5དང་། དབུས་ནུབ་རྒྱུད་ས་ཁུལ་གྱི་(བྱང་ཤར་གྱི་ཞིང་ཆེན་གསུམ་ཚུད)ལྕགས་ལམ་ལས་གཉེར་ལམ་ཚད་སྤྱི་ལེ་ཁྲི་9.7ཟིན་པ་རེད།
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་ད་ལོར་གསར་དུ་ལས་འགོ་འཛུགས་རྩིས་ཀྱི་རྣམ་གྲངས་ནང་ཞིབ་སྤེལ་ཆོག་འཐུས་ཀྱི་རྣམ་གྲངས་49ལ་མཆན་བཀོད་བཀའ་ལན་ཐོབ་ནས་རྣམ་གྲངས་35སྐྲུན་འགོ་ཚུགས་ཡོད། པེ་ཅིང་ནས་ཀྲང་ཅ་ཁོའུ་དབར་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་དང་། ཞུང་ཨན་ཁུལ་གསར་གྱི་ལྕགས་ལམ་བཀོད་པ་འཆར་འགོད་ལེགས་སྒྲིག པེ་ཅིང་དང་ཐེན་ཅིན་དང་དེ་བཞིན་ཧོ་པེ་བཅས་ཀྱི་ལྟེ་བའི་ཁུལ་གྱི་ལྕགས་ལམ་འགག་གནད་འཆར་འགོད་སོགས་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་རྗེས་མཐུད་ལས་གྲྭ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།