འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་གཉེན་འཚོལ་ལས་དོན་སྤེལ་བ། 

    རིམ་རྩིས་བྱས་ན་རོགས་རམ་བྱས་པ་བརྒྱུད་མི་ཁྲི་1.68ལྷག་ཙམ་བདེ་བླག་ངང་རང་ཁྱིམ་དུ་ལོག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་2ཉིན་པེ་ཅིང་དུ་འཚོགས་པའི་2018ལོའི་རྒྱལ་ཡོངས་དམངས་སྲིད་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་གཉེན་འཚོལ་ལས་དོན་སྤེལ་ཞིང་། རིམ་རྩིས་བྱས་ན་རོགས་རམ་བྱས་པ་བརྒྱུད་མི་16871བདེ་བླག་ངང་རང་ཁྱིམ་དུ་ལོག་ཡོད་པ་རེད།
         གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། དམངས་སྲིད་སྡེ་ཚན་གྱིས་ད་དུང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་གི་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ་ལྟ་སྐྱོང་བྱེད་མཁན་མེད་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྲི་76ལ་ལྟ་སྐྱོང་བྱེད་མཁན་བཀོད་སྒྲིག་བྱས་པ་དང་། ཐེམ་ཐོ་མེད་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྲི་17.78ལ་ཐེམ་ཐོ་བཟོ་རོགས་བྱས་པ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྲི་1.6རོགས་རམ་བྱས་པ་བརྒྱུད་སློབ་གྲྭར་བསྐྱར་དུ་ཕྱིན་ཡོད་པ་རེད།
         2016ལོར། དམངས་སྲིད་པུའུ་དང་། སློབ་གསོ་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཞིས་ལུས་བྱིས་པ་མཐིལ་རྟོགས་དང་གྲལ་བཤེར་གྱི་ལས་དོན་མཉམ་དུ་སྤེལ་ཞིང་། གནད་ལ་འཁེལ་པོས་མཐིལ་རྟོགས་དང་གྲལ་བཤེར་བྱས་པ་བརྒྱུད། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྱོན་ཁྲི་902ཡོད་པ་ལས་90%ཡན་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དུ་ཡོད་པ་ཤེས་རྟོགས་བྱུང་བ་རེད།
         གཞན་ཡང་། དཀའ་ངལ་ཡོད་པའི་དམངས་ཚོགས་མཐའ་སྐྱོང་འགན་ལེན་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བའི་ཐད། 2017ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྱོན་མི་ཁྲི་5346.2ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་སོ་སོར་9.9%དང་16.6%འཕར་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ཞིང་འབྲེལ་རྫོང་(གྲོང་ཁྱེར་དང་། ཆུས། ཆི)ཚང་མའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་ཚང་མ་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞིར་སླེབས་པའམ་ཡང་ན་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།