འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིར་ཕྱི་སྦྱོང་སློབ་མའི་ཐོངས་མཆན་ལྷུག་ཏུ་བཏང་བའི་མཐོ་སློབ་23མང་དུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། དབྱིན་ཇིའི་ནང་སྲིད་པུས་ད་ཡོད་ཀྱི་སློབ་ཆེན་4ཡི་རྨང་གཞིའི་ཐོག་སློབ་ཆེན་23གསར་དུ་བསྣན་ཏེ་རྒྱལ་སྤྱིའི་སློབ་མས་ཞིབ་འཇུག་སློབ་མའི་ཐོངས་མཆན་རེ་འདུན་ཞུ་བའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་རྒྱུ་དང་དུས་མཚུངས་ཁོང་ཚོ་སློབ་མཐར་ཕྱིན་རྗེས་ཀྱི་ཐོངས་མཆན་གྱི་གོ་ཆོད་དུས་ཡུན་རིང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
          སྲིད་ཇུས་དེར་གཞིགས་ན། 2018ལོ་ནས་2019ལོའི་སློབ་ལོའི་རིང་གོང་གསལ་གྱི་དབྱིན་ཇིའི་མཐོ་རིམ་སློབ་གླིང་27དུ་ཞིབ་འཇུག་སློབ་མའི་སློབ་གནས་སློབ་ཚན་ཉན་པ་དང་། སློབ་ཚན་འཚོགས་པའི་དུས་ཡུན་ཟླ་13ལས་མི་བརྒལ་བའི་སློབ་མའི་ཐོངས་མཆན་སློབ་གྲྭ་ནས་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་གྱི་ཡོད་པ་མ་ཟད། སློབ་གྲྭ་འགྲིམ་པའི་དུས་ཡུན་ལས་ཐོངས་མཆན་ཟླ་6ཐོལ་པ་རག་གི་ཡོད། བྱ་ཐབས་དེས་རྒྱལ་སྤྱིའི་སློབ་མས་དབྱིན་ཇིའི་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མའི་སློབ་གནས་འགྲིམ་པའི་འདུན་ཞུའི་བརྒྱུད་རིམ་སྟབས་བདེ་རུ་ཕྱིན་པ་མ་ཟད། སློབ་མ་སློབ་མཐར་ཕྱིན་རྗེས་ས་གནས་དེ་གར་ལས་ཀ་འཚོལ་བར་དུས་ཚོད་ཀྱི་སྟབས་བདེ་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།