འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་གིས"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་
    རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལ་ཐུའུ་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་འཛམ་གླིང་རྒྱལ་ཁབ་ཁག་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་ལམ་གསར་པ་བཏོད་ཡོད་པས་ཨེ་ཙེ་ཨོ་ཕི་ཡར་སྐུལ་མ་ཆེན་པོ་ཐེབས་བྱུང་བས་དེར་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བརྗོད།
          དེ་ཉིན་མུའུ་ལ་ཐུའུ་ཡིས་ཨེ་ཙེ་ཨོ་ཕི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་འགན་གསར་དུ་འཁུར་མཁན་ཐན་ཅན་གྱིས་རྒྱལ་ཡིག་འབུལ་བ་དང་ལེན་བྱེད་སྐབས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ལ་མི་སེམས་ལ་ཟུག་པ་ཞིག་ཡོད་པས་ཨེ་ཙེ་ཨོ་ཕི་ཡས་ཀྲུང་གོ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨེ་ཙེ་ཨོ་ཕི་ཡར་མ་འཇོག་ལས་སྤེལ་བྱེད་པར་ཡོང་རྒྱུར་ཁོར་ཡུག་དེ་བས་ཡག་པ་གཏོད་འདོད་ཡོད་ལ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་ཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
         ཐན་ཅན་གྱིས་ཉེ་བའི་ལོ་ཤས་རིང་ཨེ་ཙེ་ཨོ་ཕི་ཡས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་ཀྱི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་རྟེན་འབྲེལ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་པོ་ཡོད། མིག་སྔར་ཕྱོགས་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབར་གྱི་འབྲེལ་བའི་ཐད་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཨེ་ཙེ་ཨོ་ཕི་ཡ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།