འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ངེས་པར་དུ་ཞི་བའི་ཐག་གཅོད་
    བྱེད་དགོས་ཞེས་ནན་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་ཝུའུ་ཧའེ་ཐའོ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཁྲའོ་ཞན་ལ་བཀག་སྡོམ་གསར་པ་བྱ་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ངེས་པར་དུ་ཞི་བའི་ཐག་གཅོད་བྱེད་པ་དང་ངེས་པར་དུ་ཕྱོགས་བསྡུས་བྱ་ཐབས་སྤྱོད་དགོས་པའི་ནན་བཤད་བྱས་པ་རེད།
          ཝུའུ་ཧའེ་ཐའོ་ཡིས་གསར་དུ་གྲོས་འཆམ་བྱུང་བའི་གྲོས་ཆོད་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲའོ་ཞན་གྱིས་ཉིང་རྡུལ་དང་མདེལ་ལམ་འཕུར་མདེལ་བཟོ་བའི་ནུས་པ་འཕེལ་རྒྱས་གཏོང་བར་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་གཏོང་བའི་མ་ལག་གི་གཅིག་མཐུན་ལངས་ཕྱོགས་ལ་སྲུང་སྐྱོང་བྱེད་པ་མངོན་ཡོད། ཁྲའོ་ཞན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བཏོན་པའི་རེ་བར་གཙིགས་ཆེན་བྱས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་སྲུང་བརྩི་དང་ལག་ལེན་བསྟར་ཏེ་ཉིང་རྡུལ་མཚོན་ཆ་དང་འཕུར་མདེལ་སླར་ཡང་ཚོད་ལྟ་མི་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ལྕག་སྐུལ་བྱ་རྒྱུ་མ་ཟད། གྲོས་ཆོད་ནང་ཞི་བདེ་དང་། ཆབ་སྲིད། ཕྱི་འབྲེལ་བྱ་ཐབས་བཅས་ཀྱི་ཐོག་ནས་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་དང་ཚོད་དོན་གྱི་འབྲེལ་ཡོད་བྱེད་ཐབས་ཀྱིས་དཔལ་འབྱོར་གྱི་བྱེད་སྒོ་དང་མཉམ་ལས། འབྲུ་རིགས་རོགས་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཀྱི་བྱེད་སྒོར་ཤུགས་རྐྱེན་ངན་པ་ཐོན་མི་སྲིད་པའི་ནན་བཤད་བྱས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཁྱོན་ཡོངས་དང་ཆ་ལག་ཚང་པོས་ལག་ལེན་བསྟར་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཁོང་གིས་ཕྱོགས་ཁག་གིས་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་བ་དང་ཞི་བདེ་བརྟན་ལྷིང་ལ་གནོད་པའི་གཏམ་སྤྱོད་ཅི་རིགས་སྤེལ་རྒྱུ་འཕྲལ་མར་མཚམས་འཇོག་བྱས་ནས་ཕྱེད་གླིང་གི་དུས་བབ་གང་མགྱོགས་ཞི་ལྷོད་ཡོང་བ་བྱེད་དགོས་པ་དང་། ཁྲའོ་ཞན་དང་འབྲེལ་བའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་གཏན་འབེབས་དང་དགོངས་དོན་ལ་སྲུང་བརྩི་ཞུས་ནས་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་འོས་འཚམ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད།
         ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས། ཕན་ཚུན་སྐད་ཆ་ཤོད་རེས་ཀྱིས་དཀའ་རྙོག་སེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱེད་གླིང་དུ་ཟིང་འཁྲུག་དང་དམག་འཁྲུག་སློང་བར་ངོ་རྒོལ་བྱེད་ཀྱི་ཡོད། ཕྱེད་གླིང་གི་དུས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་རྒྱ་ཡན་དུ་བཏང་ན་འགྲོ་ལམ་གུ་དོག་ཏུ་འགྲོ་རྒྱུ་ལས་མ་འདས་པ་དང་། ཕྱོགས་ཁག་གིས་ཕྱོགས་གཅིག་ཏུ་བསྐྱོད་པ་དང་ཕན་ཚུན་སྐད་ཆ་ཤོད་རེས་བྱ་རྒྱུ་དེ་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཞི་བའི་ཐག་གཅོད་ཡོང་བའི་རྩ་བ་རེད་ཅེས་བཤད།
         ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་ཁྲའོ་ཞན་དང་འབྲེལ་བའི་གྲོས་ཆོད་ཨང་2397པར་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ནས་ཁྲའོ་ཞན་ལ་བཀག་སྡོམ་གྱི་བྱེད་ཐབས་ནན་པོ་གཅོད་རྒྱུའི་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།