འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་འབར་མཛའ་གྲོགས་སྨན་ཁང་ཐོག་མའི་རྩིས་སྤྲོད་བེད་སྤྱོད་མཛད་སྒོ་རང་ཀོང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མ་དངུལ་བཏང་ནས་བསྒྱུར་བཀོད་བྱེད་རོགས་བྱས་པའི་ཀྲུང་འབར་མཛའ་གྲོགས་སྨན་ཁང་སྟེ་ཏུའུ་ཆིང་ཀྲི་སྨན་ཁང་རྩིས་སྤྲོད་བེད་སྤྱོད་མཛད་སྒོ་ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་རང་ཀོང་དུ་འཚོགས་པ་རེད།
         འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅི་དང་། འབར་མའི་འཕྲོད་བསྟེན་དང་ལུས་རྩལ་པུའི་པུའུ་ཀྲང་མིང་ཐུའེ། རང་ཀོང་ཞིང་ཆེན་གྱི་ཧྲེང་ཀྲང་ཝུའུ་ཕིའོ་མིན་ཏིང་། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་ལི་ཞའོ་ཡན། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་སྐུ་ཟླ་ཝང་ཞུའེ་ཧུང་སོགས་ཉིན་དེར་རང་ཀོང་དུ་འཚོགས་པའི་རྩིས་སྤྲོད་བེད་སྤྱོད་མཛད་སྒོར་ཞུགས་པ་རེད།
         ཏུའུ་ཆིང་ཀྲི་སྨན་ཁང་1947ལོར་བུ་བཙའ་སྨན་ཁང་དུ་བསྒྱུར་བ་དང་། འབར་མའི་བུད་མེད་དང་བྱིས་པའི་ཕན་བདེ་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་སུ་གཏོགས་པ་དང་། ཨང་ཧྲན་སུའུ་ཅིའི་ཡུམ་མཁྱེན་ལྡན་མ་ཏའུ་ཆིང་ཀྲི་སྐབས་དེ་དུས་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་རེན་ཡིན་པས་ཕྱིས་སུ་ཏུའུ་ཆིང་ཀྲི་སྨན་ཁང་ཞེས་མིང་བཏགས། རིམ་སྤོར་བསྒྱུར་བཀོད་ཟིན་པའི་ཏུའུ་ཆིང་ཀྲི་སྨན་ཁང་ནི་རྒྱུན་གཏན་གྱི་སྒོ་བསྟེན་སྨན་ཁང་དང་། བུ་བཙའ་ཁང་། གཤགས་བཅོས་ཁང་། ནད་སྡོད་པུའུ་བཅས་ཀྱི་ནུས་པ་ཆ་ཚང་འཛོམས་པའི་མཐོ་རིམ་བུ་བཙའ་སྨན་ཁང་ཞིག་རེད་ལ་ཀྲུང་འབར་གྱི་མཛའ་གྲོགས་སྨན་ཁང་ཐོག་མ་དེའང་རེད།
      

    ཕྱོགས་བསྡུས་གསར་འགྱུར།