འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཐུམ་འབུའི་ནད་གྲལ་བཤེར་དང་སྨན་བཅོས་ལ་སྨན་རིན་སྤྲོད་མི་དགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོར། བོད་ལྗོངས་ཀྱིས་ཐུམ་འབུའི་ནད་གཤགས་བཅོས་ཁག་1300ལྷག་ཙམ་བྱས་པ་དང་ནད་པ་གྲལ་བཤེར་དང་སྨན་བཅོས་ཀྱི་འགྲོ་གྲོན་ཚང་མ་ནོར་སྲིད་ནས་བཏང་བས་ནད་པ“ནད་ཀྱིས་རྐྱེན་པས་དབུལ་པོར་འགྱུར་རྒྱུ”སྔོན་འགོག་ཐུབ་པ་རེད།
          ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གི་ཚུལ་ཁྲིམས་བཟང་མོར་ཐུམ་འབུའི་ནད་ཡོད་པ་བརྟག་དཔྱད་ཐུབ་མ་ཐག་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་སྨན་བཅོས་་བཀོད་སྒྲིག་བྱས། དུས་ཡུན་ཆུ་ཚོད་9ཡི་གཤགས་བཅོས་བདེ་བླག་བྱུང་བ་དང་། དྲག་སྐྱེད་ཡག་པོ་བྱུང་བའི་ཚུལ་ཁྲིམས་བཟང་མོས“སྨན་ཁང་དུ་བསྡད་དེ་གཤགས་བཅོས་བྱས་པ་ནས་སྨན་ཁང་ནས་དོན་པའི་བར་ངས་སྨན་རིན་སྐར་གཅིག་ཀྱང་སྤྲོད་དགོས་མ་བྱུང་བས་སེམས་ཁྲལ་གང་ཡང་མི་འདུག”ཅེས་བཤད།
         བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཕྱི་བཅོས་དཀྱུས་མའི་ཚན་ཁག་གི་ཀྲུའུ་རེན་ཅང་ཙུང་ཧྭ་ཡིས་བོད་ལྗོངས་ཀྱིས་ཆེད་མངགས་ཐུམ་འབུའི་ནད་གཤགས་བཅོས་ཀྱི་ཉལ་ཁྲི་150བཀོད་སྒྲིག་བྱས་པ་དང་འདི་ལོ་འཆར་གཞི་བྱས་ན་གཤགས་བཅོས་1600ལྷག་ཙམ་བྱ་རྒྱུ་རེད། ཐུམ་འབུའི་ནད་བརྟག་དཔྱད་ཐུབ་པའི་མང་ཚོགས་ཀྱིས་གོང་རིམ་སྨན་ཁང་དུ“བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱི་བཅོས་མཆན་འགོད་རེའུ་མིག”བྲིས་ཏེ་གནས་གཏན་འཁེལ་གྱི་སྨན་ཁང་དུ་རིན་མི་དགོས་པར་སྨན་བཅོས་བྱེད་ཆོག་པ་དང་སྨན་བཅོས་འགྲོ་གྲོན་འབྲེལ་ཡོད་སྡེ་ཚན་ནས་གཅིག་གྱུར་རྩིས་རྒྱག་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         བོད་ལྗོངས་ཀྱི་ས་གནས་དེ་གའི་ཐུམ་འབུའི་ནད་སྨན་བཅོས་གཤགས་བཅོས་ཀྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་གཏོང་ཆེད། ཤིན་ཅང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་དང་མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་སོགས་ཀྱི་རིགས་གཅིག་མཁས་ཅན་བཅུ་ཕྲག་ཁ་ཤས་བོད་དུ་གདན་དྲངས་ནས་སྔ་རྗེས་སུ་ཐུམ་འབུའི་ནད་ཕྱི་བཅོས་ཚད་ལྡན་ཅན་གྱི་ནད་བརྟག་སྨན་བཅོས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་མང་འཚོགས་ཏེ་བོད་ཀྱི་སྨན་པའི་གཤགས་བཅོས་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།