འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།《རང་བྱུང་》དུས་དེབ་ཐོག་2017ལོའི་ཚན་རིག་མི་སྣ་ ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོར་ཁོང་ལ‘ཚད་རྡུལ་རིག་པའི་སྲོལ་གཏོད་པ’ཞེས་འབོད་ཀྱི་ཡོད”ཅེས་《རང་བྱུང་》དུས་དེབ་ཐོག་ཚེས་18ཉིན་ཁྱབ་བསྒྲགས་བྱས་པའི་2017ལོའི་གོ་ལ་ཧྲིལ་པོའི་ཚན་རིག་མི་སྣ་ཆེན་པོ་བཅུའི་མིང་གྲལ་དུ་ཚུད་པའི་ཀྲུང་གོའི་ཚན་རིག་མཁས་ཅན་ཕན་ཅན་ཝུའེ་ངོ་སྤྲོད་ཀྱི་ཚིག་དང་པོ་ཁོ་ནར་དེ་ལྟར་བརྗོད་ཡོད།
         《རང་བྱུང་》དུས་དེབ་ནི་གོ་ལ་ཧྲིལ་པོའི་ཚན་རིག་ལས་རིགས་ཀུན་གྱིས་ཁས་བླངས་པའི་དབང་གྲགས་ལྡན་པའི་དུས་དེབ་ཅིག་རེད། དེའི་ནང་མིང་གྲལ་དུ“ཚུད་པའི་མི་སྣ་ཚང་མ་ནི་འདས་པའི་ལོ་གཅིག་རིང་གོ་ལ་ཧྲིལ་པོའི་ཚན་རིག་ལས་རིགས་ཁྲོད་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་སམ་ཡང་ན་གལ་འགངས་ཤིན་ཏུ་ཆེན་པོར་གྱུར་པའི་མི་སྣ་ཤ་སྟག་རེད”ཅེས《རང་བྱུང》དུས་དེབ་ཀྱི་གསར་འགྱུར་ཆེད་འབྲིས་ལས་ཚབ་གཙོ་འགན་རྩོམ་སྒྲིག་པ་པུའུ་ལུན་ཏན·མཱ་ཧོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
         “དུས་རབས་གསར་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རླབས་ཆེན་མེས་རྒྱལ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཕན་ཅན་ཝུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་བརྒྱུད་རང་ཉིད་ཀྱི་མྱོང་ཚོར་བརྗོད་སྐབས་དེ་ལྟར་བཤད་ཅིང་། ཁོང་གིས“ང་ཚོའི་མི་རབས་འདིས་མུ་མཐུད་འབད་པ་བྱས་ཏེ་མདུན་དུ་བསྐྱོད་ནས་ཚང་མའི་རེ་བ་ཆུད་ཟོས་སུ་བཏང་མེད”ཅེས་བཤད།
         ཚན་རིག་གི་མི་སྣ་ཆེན་པོ་བཅུའི་ཁྲོད་ཚན་རིག་མཁས་ཅན་ཕྱི་ཁོངས་ཀྲུང་གོ་བ་ཨ་རིའི་པུའུ་ལུའོ་ཏེ་ཞིབ་འཇུག་ཁང་གི་ལིའུ་རུའུ་ཆན་ཡོད། སྐྱེ་དངོས་རིག་པ་མཁས་ཅན་དེས་སྣེ་ཁྲིད་པའི་ཚོགས་པས་CRISPRཡི་གཞི་རྒྱུ་རྩོམ་སྒྲིག་ཡོ་ཆས་ལེགས་སུ་བཏང་བ་དང་འབྲེལ་ཡོད་ཀྱི་ལག་རྩལ་དག་གིས་འབྱུང་འགྱུར་སྨན་བཅོས་བྱེད་སྟངས་གསར་པ་ཞིག་ཐོན་ནས་འགྲོ་བ་མང་པོའི་སྲོག་བསྐྱབ་ཐུབ་རྒྱུ་རེད།
         ལིའུ་རུའུ་ཆན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་སྦྲག་བསྐུར་ཐོག་ནས་བཅར་འདྲི་བྱེད་པ་དང་ལེན་བྱེད་སྐབས། ཁོང་གིས“ང་ཚོའི་ཚོགས་པའི་ཚོགས་མི་ཚང་མ་འཇོན་ཐང་ཆེ་ཞིང་བློ་གཅིག་སེམས་གཅིག་ཡིན་པས། ཁོ་བོས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོའི་ལྟ་ཚུལ་དང་འབད་བརྩོན་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་པས། ད་རེས་ཀྱི་ཁས་ལེན་ཐོབ་ཡུལ་ངོ་མ་ཁོང་ཚོ་ཡིན”ཞེས་བཤད།
         ཚན་རིག་གི་མི་སྣ་ཆེན་པོ་བཅུའི་ནང་། ད་དུང་ཡོ་རོབ་ཀྱི“བུ་མོའི་སྐར་ཁྱིམ”གྱི་འཐེན་ཤུགས་རླབས་ཀྱི་འཚོལ་ཆས་མཉམ་ལས་སྒྲིག་འཛུགས་ཀྱི་གནམ་དཔྱད་མཁས་ཅན་མཱ་ལི་ཁཱ་·པུའུ་ལན་ཁའེ་ཤིས་དང་། འཛམ་གླིང་དབུས་ཤར་གྱི་གོམ་པ་གཅིག་བགྲོད་མགྱོགས་གཏོང་ཡོ་ཆས་ཚོད་ལྟ་ཁང་གི་དངོས་ཁམས་རིག་པ་མཁས་ཅན་ཧ་ལི་ཏེ·ཐུའུ་ཁེན། མོ་ཞི་ཁོའི་ས་ཡོམ་རིག་པ་མཁས་ཅན་ཝུའེ་ཁེ་ཐོ·ཁེ་ལུའུ་སི—ཨཱ་ཏི་ཨེན་ས། ཨོ་སི་ཁྲུ་ལི་ཡའི་རྒྱུད་ཁྲིད་རིག་པ་མཁས་ཅན་ཀྲེན་ཉི་ཕུའུ·པོ་ཨེན་བཅས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།