འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཆེད་དོན་བཅོས་སྒྲིག་བྱས་ནས་སྨན་བཅོས་ལས་རིགས་ཀྱི་ཞབས་འདེགས་ལེགས་
    སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱིས་འདི་ལོའི་ཟླ་8པའི་ཟླ་དཀྱིལ་ནས་བཟུང་སྤེལ་བའི་སྨན་རྫས་ཉོ་ཚོང་དང་སྨན་བཅོས་ཞབས་ཞུའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་དང་སྨན་རྫས་དང་སྨན་བཅོས་རྒྱུ་ཆའི་ཆེད་དོན་བཅོས་སྒྲིག་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་དང་སྨན་བཅོས་རྒྱུ་ཆ་སྤྱོད་མཁན་ཚན་པ་འགའ་ཞིག་ལ་བཅོས་སྒྲིག་བྱེད་པའི་སྐོང་འདྲི་བྱས་པ་དང་སྨན་རྫས་ཉོ་ཚོང་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དང་སྨན་བཅོས་ཞབས་ཞུའི་ལས་རིགས་ཀྱི་སྒྲིག་ཁྲིམས་ནན་དུ་ཕྱིན་ཡོད་པ་རེད།
          འདི་ལོའི་ཟླ་11པའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་། བཟོ་ཚོང་ཅུས། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། རྒྱལ་ཁྲལ་ཅུས་བཅས་ཀྱིས་ལྟ་བཤེར་ཚོགས་ཆུང་བཙུགས་ནས་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། ས་གནས་ས་ཐོག་ཏུ་ཞིབ་བཤེར་བཅས་ཀྱི་བྱ་ཐབས་བརྒྱུད་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་39ཡིས་ཆེད་དོན་བཅོས་སྒྲིག་གི་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་སྨན་རྫས་དང་སྨན་བཅོས་རྒྱུ་ཆ་ཉོ་སྒྲུབ་ལུགས་དང་མ་མཐུན་པ་དང་། “སྤ་སེ་གཉིས་ཀྱི་ལམ་ལུགས”ཀྱི་ལས་དོན་དོན་ཐོག་ཏུ་མི་འཁྱོལ་བའི་གནད་དོན། སྨན་རྫས་ཉར་ཚགས་ཚུལ་དང་མ་མཐུན་པའི་གནད་དོན། སྨན་བཅོས་སྒྲིག་གཞིའི་ཐོ་འགོད་དོ་དམ་གྱི་གནད་དོན་སོགས་ཚང་མར་བསམ་འཆར་དང་དག་ཐེར་གྱི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།