འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་
    ཕེ་རུར་འཚམས་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཕེ་རུ་བ་གསར་བསྒྱུར་ཆེད”ཏང་གི་གདན་ཞུས་ལྟར་ཟླ་12ཚེས་14ནས་16ཉིན་བར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་སུང་ཤིའུ་ཡན་གྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་ཁྲིད་དེ་ཕེ་རུར་འཚམས་འདྲི་བྱས་ཤིང་། སུང་ཤིའུ་ཡན་གྱིས་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཅ་ལཱ་ལེ་ཐཱ་དང་། སྲིད་འཛིན་ཏང་གི་ཀྲུའུ་ཞི་པི་ཨའོ་ལའེ་ཐཱ། ཕེ་རུའི་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཕཱ་ཆེ་ཁོའོ་བཅས་པ་སོ་སོ་དང་མཇལ་འཛོམས་གནང་བ་དང་འབྲེལ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》(དེབ་གཉིས་པ)སྤྲད་པ་མ་ཟད། ཕེ་རུའི་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ཁང་གིས་གཉེར་བའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་རེད།
         སུང་ཤིའུ་ཡན་གྱིས་ཕེ་རུའི་སྲིད་ཏང་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར། མཁས་དབང་སོགས་ལས་རིགས་ཁག་གི་འཐུས་མིར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་གྲུབ་འབྲས་གཙོ་བོ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དེའི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་གནས་བབ། ཕུན་སུམ་ཚོགས་པའི་ནང་དོན་བཅས་གཙོ་གནད་ཐོག་འཆད་འགྲེལ་བྱས་པ། འདས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་གསར་བསྒྱུར་དང་། ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག ཀྲུང་གོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་དེ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ། ལྷག་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནང་དོན་ངོ་སྤྲོད་བྱས་པ་དང་འབྲེལ་ཕེ་རུ་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་ལན་བརྒྱབ་པ་རེད།
         ཕེ་རུ་ཕྱོགས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དེ་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་གྲུབ་འབྲས་ཐོབ་པ་ལས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་ལ་དཔྱད་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་བཤད། ཕེ་རུ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་ཏང་དབར་སྤེལ་རེས་སྔར་བས་གཏིང་ཟབ་བྱས་ནས་ཁྱབ་ཁོངས་ཁག་ཁྲོད་མཉམ་ལས་དོན་གཉེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕེ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
         སུང་ཤིའུ་ཡན་གྱིས་ད་དུང་ཕེ་རུར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་དུ་གཞུང་ཚབ་ཁང་གི་ལས་དོན་མི་སྣ་ཡོངས་དང་དེ་བཞིན་ཕེ་རུར་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་འཐུས་མིར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་སྙན་སྒྲོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།