འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོའི་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་ནས་ཐང་ཤ་དོད་པའི་གསའ་མང་པོ་ཞིག་
    པར་ལེན་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དམར་ཕྱིའི་པར་ཆས་སུ་གསལ་བའི་གཅན་གཟན་གསའ།
    དམར་ཕྱིའི་པར་ཆས་སུ་གསལ་བའི་གཅན་གཟན་གསའ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྲིད་གཞུང་དང་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་གྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། དམར་ཕྱིའི་པར་ཆས་སྤྱད་པ་བརྒྱུད་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་ནས་ཐང་ཤ་དོད་པའི་གསའ་མང་པོ་ཞིག་པར་ལེན་བྱུང་ཡོད་པ་རེད།
         རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་1996ལོར་《ཀྲུང་གོའི་སྟོངས་ལ་ཉེ་བའི་སྲོག་ཆགས་སྐོར་གྱི་རྒྱབ་ཤ་དམར་པོའི་དེབ་》ནང་བཅུག་ཡོད་པ་རེད།
         རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ལྟ་ཞིབ་ཚད་ལེན་བྱེད་ཁོངས་ནི་སྟེང་ཆེན་རྫོང་གཏམ་སྟོད་ཤང་གི་ས་ཁོངས་ནང་ཡིན་པ་དང་2017ལོའི་ཟླ་11ཚེས་1ཉིན་ནས་ལྟ་ཞིབ་ཚད་ལེན་བྱེད་འགོ་ཚུགས་ཡོད། ལྟ་ཞིབ་ཚད་ལེན་ཟླ་བ་གཅིག་བྱེད་རིང་འབྲོག་པ་ལས་གྲུབ་པའི་ལྟ་ཞིབ་ཚད་ལེན་རུ་མི་16གིས་སྤྱི་ལེ་ངོས་གྲུ་100ལྷག་ཙམ་གྱི་ཁྱབ་ཁོངས་སུ་དམར་ཕྱིའི་པར་ཆས་20བཙུགས་པའི་ནང་ཁྱོན་གསའ་ཕར་འགྲོ་ཚུར་འོང་བྱ་ཚུལ་ཐེངས་26པར་ཐེབས་ཡོད་པ་རེད།
        “ཕྱི་རོལ་དུ་བཙུགས་པའི་དམར་ཕྱིའི་པར་ཆས་ནང་གསའ་མས་གསའ་ཕྲུག་ཁྲིད་ནས་འཚོ་བའི་པར་ཐེངས་མང་ཐེབས་པ་ལས་ཁྱབ་ཁོངས་དེར་གསའ་མི་ཉུང་བ་ཞིག་ཡོད་པ་མངོན་གྱི་ཡོད། དེར་ཞིབ་འཇུག་སྔར་ལས་ལྷག་པ་བྱེད་འོས་པ་ཞིག་ཡིན་ལ་སྲུང་སྐྱོང་བྱེད་འོས་པ་ཞིག་ཀྱང་རེད”ཅེས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་རྣམ་གྲངས་ཀྲུའུ་རེན་ཀྲའོ་ཞང་གིས་གསར་འགོད་པར་བཤད་བྱུང་།
         “དེ་གོང་བརྟག་དཔྱད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སུ་གསའ་འཚོ་ཁུལ་གཙོ་བོ་ནི་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རེད། ད་རེས་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་གྱི་མི་ཚོགས་ཆེ་བའི་ཁུལ་ནས་གསའ་མང་པོ་ཞིག་པར་ལེན་ཐུབ་པ་ལས་ས་ཁོངས་དེའི་ནང་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འབྲེལ་བ་མཚོན་གྱི་ཡོད། དེས་སྟེང་ཆེན་གྱི་སྣོད་བཅུད་སྲུང་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་འཇིགས་མེད་ཀྱིས་བཤད་བྱུང་།
         གཞན་ཡང་དམར་ཕྱིའི་པར་ཆས་ནང་དྲེད་མོང་དང་། ཝ་དམར། ཨོག་དཀར་སོགས་ཤ་གཟན་སྲོག་ཆགས་དང་དེ་བཞིན་ཤྭ་བ་མཆུ་དཀར་དང་གནའ་བ་ལ་སོགས་རྩྭ་གཟན་སྲོག་ཆགས་མི་ཉུང་བ་ཞིག་ཡོད་པ་པར་དུ་ཐེབས་པ་ལས་ཁུལ་དེར་སྣོད་བཅུད་མ་ལག་ཆ་ཚང་ཞིག་ལྡན་པ་མངོན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།