འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།"བོད་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ"ཉིང་ཁྲིས་ཕྱོགས་བསྡུས་ཡུལ་སྐོར་ཁུལ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱོགས་བསྡུས་ཡུལ་སྐོར་ཁུལ་བཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། མིག་སྔར་གྲོང་ཁྱེར་དེ་ཉིད་ལ་ཕྱི་ཕྱོགས་ལ་གཉེར་སྐྱོང་བྱེད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་27ཡོད་པ་དང་། བྲག་གསུམ་མཚོ་དང་། ཡར་ཀླུང་གཙང་པོའི་རོང་ཆེན། རི་བོ་གནམ་ལྕགས་འབར་བ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད།
         ཚེས་19ཉིན་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ལྟ་སྐོར་དང་། ཚན་རིག་རྟོག་ཞིབ། རྐང་ཐང་། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཡུལ་སྐོར་ཁུལ་ཞིག་བཏོད་པར་ད་ཆ་ཉིང་ཁྲི་རྫོང་གཙོ་བོར་བྱས་པའི་སྤྲོ་གསེང་རོལ་རྩེད་དང་དམངས་སྲོལ་རིག་གནས་ཡུལ་སྐོར་ཁུལ་དང་། སྤོ་བོ་རྫོང་གཙོ་བོར་བྱས་པའི་ནགས་ཚལ་འཁྱགས་རོམ་ཡུལ་སྐོར་ཁུལ། སྨན་གླིང་རྫོང་གཙོ་བོར་བྱས་པའི་ལུང་ཤུར་གཙང་པོའི་ཡུལ་སྐོར་ཁུལ། ཀོང་པོ་རྒྱ་མདའ་གཙོ་བོར་བྱས་པའི་མཚེའུ་དང་གནའ་ཤུལ་ཡུལ་སྐོར་ཁུལ། སྣང་རྫོང་གཙོ་བོར་བྱས་པའི་ལོ་རྒྱུས་ཤུལ་བཞག་ཡུལ་སྐོར་ཁུལ། རྫ་ཡུལ་དང་མེ་ཏོག་གཙོ་བོར་བྱས་པའི་ཚ་ཁུལ་གྱི་ནགས་ཚལ་ཡུལ་སྐོར་ཁུལ་བཅས་རགས་ཙམ་ཆགས་ཡོད་པ་རེད།
         རིམ་རྩིས་བྱས་ན། ཟླ་11པའི་བར་ཉིང་ཁྲིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་495.45ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.94%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་43.33རག་པ་དེ་དུས་མཚུངས་ལས་15.6%འཕར་ཡོད། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།