འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་སྐབས་གསར་པའི་ཙུང་ཐུང་འདེམས་བསྐོའི་བྱེད་སྒོ་དངོས་སུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་《ཨུ་རུ་སུའི་ཚགས་པར་》ཐོག་བཀོད་པའི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་(གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི)གྲོས་ཆོད་ཐོག་ནས་མངོན་གསལ། ཨུ་རུ་སུའི་2018ལོའི་ཙུང་ཐུང་འདེམས་བསྐོའི་བྱེད་སྒོ་དེ་ཉེ་དུས་དངོས་སུ་སྤེལ་འགོ་ཚུགས་ཡོད་པ་རེད།
          གྲོས་ཆོད་ནང་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོ་དེ་2018ལོའི་ཟླ་3ཚེས་18ཉིན་བྱ་རྒྱུ་དང་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་བྱེད་སྒོ་དེ་ཟླ་12ཚེས་18ཉིན་དངོས་སུ་འགོ་ཚུགས་ནས་སླད་ཕྱིན་གྱི་ཉིན་90ཡི་ནང་འོས་མིས་ཨུ་རུ་སུའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་དཔྱད་གཞི་སྐྱེལ་བ་དང་། འདེམས་དམངས་ཀྱི་མིང་རྟགས་བསྡུ་རུབ། འདེམས་འགྲན་གྱི་རྩ་གནད་དྲིལ་བསྒྲགས། སྨྱན་སྦྱོར་དང་ངོ་རྒོལ་བྱེད་མཁན་ལ་རྩོད་གླེང་བྱེད་པ་སོགས་བཅའ་ཁྲིམས་ཐོག་གཏན་འཁེལ་བའི་འབྲེལ་ཡོད་གོ་རིམ་ལེགས་སྒྲུབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།