འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་འཇར་གྱི་རླངས་འཁོར་ལྗིད་ཚད་ཡང་གཏོང་གི་ལག་རྩལ་ལས་གྲྭའི་ལྟེ་གནས་འཇར་མན་
    དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་འཇར་གྱི་རླངས་འཁོར་ལྗིད་ཚད་ཡང་གཏོང་གི་ལག་རྩལ་ལས་གྲྭའི་ལྟེ་གནས་འཇར་མན་གྱི་ཤར་རྒྱུད་གྲོང་ཁྱེར་ཏེ་ལེ་སི་ཏུན་དུ་བཙུགས་ཤིང་། དེས་རྒྱལ་ཁབ་གཉིས་པོའི་ལག་རྩལ་མཉམ་ལས་དང་ཡར་ཐོན་ལ་སྐུལ་འདེད་བཏང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ལྗིད་ཚད་ཡང་གཏོང་གི་ལག་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         ལྗིད་ཚད་ཡང་གཏོང་གི་ལག་རྩལ་ནི་ནུས་རྒྱུ་སྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་རྒྱུ་ཆ་ནུས་ཆེའི་ངང་སྤྱོད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་རེད། དེ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་དང་། ལྕགས་ལམ་འགྲིམ་འགྲུལ། རླངས་འཁོར། འཕྲུལ་མི་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཆོག་པ་མ་ཟད། འགྲིམ་འགྲུལ་རྒྱུན་མཐུད་ཐུབ་རྒྱུའི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་དང་ཤུགས་རྐྱེན་གལ་ཆེན་ལྡན་ཡོད།
         འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་རྩལ་ཁྲུའུ་ཡི་གཞུང་ཚབ་དང་ཚན་ཙན་དབྱི་ཅུན་གྱིས་ལྟེ་གནས་དེས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་པའི་ཀྲུང་གོའི་ཁྲོམ་རའི་རྗེས་སུ་བསྙེགས་ཏེ་པེ་ཅིང་རླངས་འཁོར་བཟོ་ལས་ཚོགས་པ་སྤྱི་ཁྱབ་ཀུང་སིས་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་འཕེལ་རྒྱས་གཏོང་རྒྱུ་ཁས་ལེན་བྱས་པར་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། 2015ལོར་ཏེ་ལེ་སི་ཏུན་དུ་བཙུགས་པའི་ཀྲུང་འཇར་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་མཉམ་སྦྲེལ་ཞིབ་སྤེལ་ལྟེ་གནས་དང་ཕན་ཚུན་མཐུན་སྦྱོར་སྐུལ་འདེད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།