འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ཐོག་མ་འཛུགས་འགོ་
    བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། བོད་ལྗོངས་ཀྱིས་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ཐོག་མ་སྟེ་ལྷ་ས་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ཉེ་སྔོན་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། སང་ལོའི་ཟླ་8པར་སྤྱོད་འགོ་འཛུགས་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ནི་ལྷ་ས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པ་དང་། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་1.69འཇོག་རྒྱུ་དང་། ས་བཟུང་རྒྱ་ཁྱོན་སྨི་གྲུ་བཞི་མ་7692ཟིན་པ། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་1.4ཡིན་པ་བཅས་ཀྱི་འཆར་གཞི་བཀོད་ཡོད་པ་རེད། ཉམས་ལེན་ཁང་གི་ནང་དུ་ཚན་རྩལ་ཉམས་ལེན་ཚོམས་ཁང་དང་། ཡོལ་དཀར་ཆེན་པོ་གློག་བརྙན་ཁང་།  VRགློག་བརྙན་ཁང་། སྐར་མར་ལྟ་བའི་རྒྱང་ཤེལ་སོགས་ཉམས་ལེན་རྣམ་གྲངས་ཡོད་ཅིང་། གནམ་རིག་གསར་རྙེད་ཁྱབ་སྤེལ་ཚོགས་འདུ་དང་། ཚན་རྩལ་འཆད་ཁྲིད། སྐར་ཚོགས་ལྟ་ཞིབ་སོགས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོའི་བྱེད་སྒོ་སྤེལ་ཆོག་པ་རེད།
         དེ་ཡང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བ་དང་། མཁའ་དབུགས་སྦགས་བཙོག་དང་འོད་འགྱེད་སྦགས་བཙོག་ཅུང་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཕྱིར། བོད་ལྗོངས་ནི་གནམ་རིག་ཚན་རིག་ཞིབ་འཇུག་གི་རྟེན་གཞི་གལ་ཆེན་དུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།