འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའེ་ནན་གྱི་གནམ་གྲུ་ཐང་བཞིའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4000ལས་
    ཐོག་མར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན་ཧའེ་ནན་མཁའ་འགྲུལ་གནམ་ཐང་ཚོགས་པས་ཧའེ་ནན་ཞིང་ཆེན་དུ་གཉེར་སྐྱོང་བྱེད་པའི་གནམ་གྲུ་ཐང་བཞིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྱོན་ཁྲི་4000ལས་ཐོག་མར་བརྒལ་བ་དང་དེའི་ཁྲོད་རྒྱལ་སྤྱི་དང་དེ་བཞིན་ས་ཁུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་160ལས་བརྒལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་འདི་ལོའི་ཟླ་11ཚེས་24ཉིན་ཧའེ་ཁོའུ་མེ་ལན་རྒྱལ་སྤྱི་གནམ་ཐང་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2000ལས་བརྒལ་རྗེས་ཀྱི་ཧའེ་ནན་དམངས་སྤྱོད་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཀྱི་ཚད་བརྒལ་གསར་པ་ཞིག་ཡིན།
         གནམ་ཐང་ཁག་བཞི་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དམིགས་ནས་རྒྱལ་སྤྱི་རྒྱལ་ནང་གི་མཁའ་འགྲུལ་ལམ་ཐིག་མང་པོ་ཤར་གཏོང་བྱས་ཏེ་ཧའེ་ནན་དང་རྒྱལ་ཁབ་ཕྱི་ནང་དབར་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་བཙུགས་ཏེ་ཧའེ་ནན་གྱི“མཁའ་འགྲུལ་ལམ་བུ”ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་གནམ་གྲུ་ཐང་བཞིས་མཁའ་འགྲུལ་ལམ་ཐིག་412ཤར་གཏོང་བྱས་པའི་ནང་རྒྱལ་ནང་གི་ལམ་ཐིག་359དང་རྒྱལ་སྤྱིའི་ས་ཁུལ་གྱི་ལམ་ཐིག་53ཚུད་ཡོད། དེ་དག་ཤང་ཀང་དང་། ཨའོ་མོན། ཐའེ་དབན་དང་། ཨེ་ཤེ་ཡ་ཤར་ལྷོ། རི་པིན། ཧན་གོ ཨུ་རུ་སུ། ཨེ་ཤེ་ཡ་དབུས་མ་སོགས་རྒྱལ་ཁབ་དང་ས་ཁུལ་གཙོ་བོར་ཁྱབ་ཡོད་པ་དང་ཁྱོན་གྲོང་ཁྱེར་48ཡོད།
      

    ཕྱོགས་བསྡུས་གསར་འགྱུར།