འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་སྟོབས་ཤུགས་གལ་ཆེན་ཡིན་པའི་ངོས་ནས། སླད་ཕྱིན་རང་རྒྱལ་གྱི་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་བས་མང་བ་ཐོབ་ནས་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད།
         འདི་ནི་གསར་འགོད་པས་ཟླ་12ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ཞིག་ཡིན། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡེ་ཀྲན་ཆིང་གིས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། ཚེས་13ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་བྱེད་པའི་འདུ་འགོད་ལག་ལེན་བསྟར་བ་དང་། ཡིད་རྟོན་དངུལ་བུན་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་བ། ཞིང་ལས་ཀྱི་གནོད་འཚེ་ཚབས་ཆེན་འགན་བཅོལ་ཚོད་ལྟའི་ལས་དོན་སྤེལ་བ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་པའི་ནང་གཙོ་བོ་ཕྱོགས་ལྔ་ཡོད་པ་སྟེ།
         —— ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་བྱེད་པའི་འདུ་འགོད་ལག་ལེན་བསྟར་རྒྱུ་ཡིན་པ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་བཟོ་བ་དང་། གཞི་ཁྱོན་འོས་འཚམ་དང་གཉེར་སྐྱོང་བྱེད་སྟངས་མང་བ། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་འདེགས་སྐྱོར། “དྲ་སྦྲེལ+”དང་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་ཀྱི་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་གསར་པ་ཁག་གཅིག་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། ཞིང་ལས་པུས་འཆར་གཞི་རགས་ཙམ་གཏིང་བ་ནི་2018ལོར་ཆེད་ལས་ཞིང་པ་གསར་པ་ཁྲི་100ཡན་གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་།
         —— ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་དེང་རབས་གླིང་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། འདི་ལོར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་41སྐྲུན་པའི་རྨང་གཞིའི་ཐོག་2018ལོར་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁག་གཅིག་སླར་ཡང་སྐྲུན་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་དཔེ་སྟོན་གླིང(རྟེན་གཞི)ཁག་གཅིག་ལེགས་འདེམས་བྱས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།
         —— ཞིང་ལས་ཐོན་ཟོག་གི་ཐོག་མའི་ལས་སྣོན་དང་ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་དང་། ཁྲལ་དངུལ་ཉུང་དུ་དང་རྩ་ཆག་གཏོང་བ། སྒྲིག་བཀོད་དུ་སྤྱོད་པའི་ས་ཆ། གློག་རིན་གྱི་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དེ་དག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་གཉེར་སྐྱོང་གི་བྱེད་པོ་གསར་པས་ཞིང་ལས་ཐོན་ཟོག་ལས་སྣོན་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་དུས་མཚུངས་ཞིང་ཁ་རྨོ་བ་དང་ས་སོབ་སོབ་བཟོ་བ། འཕྲུལ་འདེབས་འཕྲུལ་བསྡུ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུར་ཁ་གསབ་བྱ་རྒྱུ་ཡིན་པ།
         —— ཡིད་རྟོན་དངུལ་བུན་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་དང་། ཁྲལ་བསྡུ་དང་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ནས་དངུལ་རྩའི་སྒྲིག་གཞིས་ཐོན་ལས་དང་ཞབས་ཞུ་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་དང་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཀུང་སིས་གྲོང་ཁྱེར་དང་རྫོང་དུ་སྣུར་སྲིང་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་2018ལོར་ཞིང་ལས་རྫོང་གཙོ་བོ་ཚང་མར་ཁྱབ་ཐུབ་པ་བྱས་ཏེ་གཉེར་སྐྱོང་གི་བྱེད་པོ་གསར་པའི་ཞིང་ལས་ཀྱི་ཡིད་རྟོན་དངུལ་བུན་ཁག་ཐེག་ལྷག་གྲངས་ཀྱིས་སྤྱིའི་ཁག་ཐེག་གཞི་ཁྱོན་ནང་བསྡུར་ཚད་70%ཡན་ཟིན་པ་བྱེད་དགོས་པའི་བླང་བྱ་བཏོན་པ།
         —— ཞིང་ལས་ཀྱི་གནོད་འཚེ་ཚབས་ཆེན་འགན་བཅོལ་ཚོད་ལྟའི་ལས་དོན་གཏིང་ཟབ་སྤེལ་རྒྱུ་ཡིན་པ་དང་། གྲོ་དང་། མ་རྨོས་ལོ་ཏོག འབྲས་བཅས་འབྲུ་རིགས་ཆེན་པོ་གསུམ་གྱི་ཞིང་ལས་འགན་བཅོལ་གྱི་ཚོད་ལྟའི་ལས་དོན་སྤེལ་ནས་ཞིང་ལས་འགན་བཅོལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་བསམ་འཆར་ཞིབ་འཇུག་བྱས་ནས་བཟོ་བ་དང་། ཐོན་སྐྱེད་ཀྱི་མ་གནས་ཚང་མར་འགན་ལེན་ཆུ་ཚད་ཡོངས་ཁྱབ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།