འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཀྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ་སྤྱི་ཚོགས་རིང་ལུགས་
    ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲ་ཐོག་ནས་བརྒྱུད་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་
    བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། སློབ་གསོ་པུའུ། རིག་གནས་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ་དྲ་ཐོག་ནས་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲ་ཐོག་གི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་སོགས་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲ་ཐོག་ནས་བརྒྱུད་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
          བརྡ་ཐོའི་ནང་དྲ་ཐོག་ནས་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དྲ་རྒྱའི་ལས་སྟེགས་སྣ་ཚོགས་གང་ལེགས་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱ་རྒྱུ་སྒྲིག་འཛུགས་རྒྱ་ཁྱབ་ཏུ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་བྱེད་དགོས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བའི་སྐོར་དྲིལ་བསྒྲགས་བྱེད་དགོས་པ། “དྲང་ནུས་ནི་སྤྱིའི་བླང་བྱ་”ཡིན་པ་མཐའ་འཁྱོངས་ཀྱིས་དྲ་བའི་བརྒྱུད་བསྒྲགས་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་དག་དྲ་རྒྱའི་དྲིལ་བསྒྲགས་དང་། དྲ་རྒྱའི་རིག་གནས། དྲ་རྒྱའི་ཞབས་ཞུ་བཅས་ནང་མཚོན་པར་བྱེད་དགོས་པ། དྲང་ཕྱོགས་ཀྱི་གསུང་སྒྲ་དང་སྔོན་ཐོན་གྱི་རིག་གནས་ལ་བརྟེན་ནས་དྲ་རྒྱའི་འཐབ་ས་བཟུང་དགོས་པ་དང་ཡང་དག་པའི་དྲ་རྒྱའི་གླེང་ཕྱོགས་ལ་བརྟེན་ནས་བསམ་པའི་རླབས་རྒྱུན་ལ་ཁྲིད་སྟོན་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
          བརྡ་ཐོའི་ནང་དྲ་ཐོག་གི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བྱས་ཏེ་དྲ་རྒྱའི་ཐབས་ལམ་བེད་སྤྱོད་ཡག་པོ་བྱེད་དགོས་ཤིང་། དྲ་རྒྱའི་ཐད་གཏོང་དང་། དྲ་རྒྱའི་བརྙན་ལམ། དྲ་ཐོག་སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་ཡོན་ལས་བྱེད་པར་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་དགོས་པ་དང་དྲ་ཐོག་སློབ་སྦྱོང་ལས་སྟེགས་སྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
         བརྡ་ཐོའི་ནང་ད་དུང་དྲ་རྒྱའི་སྤྱི་ཕན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས་ཤིང་། “དྲ་སྦྲེལ+སྤྱི་ཕན”གྱི་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། དྲ་བའི་སྤྱི་ཕན་ལས་སྟེགས་སྐྲུན་པ། དྲ་བའི་སྤྱི་ཕན་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་དྲ་ཐོག་དང་དྲ་འོག་ཏུ་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་པའི་རྣམ་པ་ཆགས་པ་བྱེད་དགོས་པ་དང་། ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་དང་བརྒྱུད་སྤེལ་ཧུར་ཐག་བྱས་ནས་དྲ་རྒྱའི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་འདོན་དགོས་པ། ཕུལ་བྱུང་རིག་གནས་དྲ་བའི་བར་མཐོངས་སུ་ཁྱབ་སྤེལ་ཤུགས་ཆེན་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་དྲ་དམངས་ཀྱི་རྒྱལ་ཁབ་ཀྱི་མོས་སེམས་དང་། མི་རིགས་ཀྱི་མོས་སེམས། རིག་གནས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། སློབ་གྲྭའི་དྲ་རྒྱའི་འཐབ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་གྲྭའི་དྲ་རྒྱའི་རིག་གནས་ཁོར་ཡུག་ལེགས་སུ་གཏོང་དགོས་པ། ལྟེ་བའི་རིན་ཐང་ལྟ་བ་དྲ་ཐོག་ནས་བརྒྱུད་བསྒྲགས་བྱེད་པའི་སྤུས་རྟགས་ཧུར་ཐག་བཏོད་དེ་དྲ་རྒྱའི་དམངས་འདུན་ལ་སྣེ་ཁྲིད་བྱེད་པའི་གྲགས་ཅན་སྤུས་རྟགས་ཀྱི་ཕྱོགས་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་བླང་བྱའང་བཏོན་ཡོད།
         བརྡ་ཐོའི་ནང་ཁྲིམས་ལྟར་དྲ་རྒྱའི་བར་མཐོངས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་ཡོད་པའི་དྲ་ཚིགས་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་ཐོག་གི་གླེང་ཕྱོགས་སྣོད་བཅུད་རྒྱུན་ཆད་མེད་པར་གཙང་དུ་གཏོང་དགོས་པ་དང་། རིམ་ཁག་དྲིལ་བསྒྲགས་དང་དྲ་འཕྲིན་སྡེ་ཚན་གྱིས་སྤྱི་ཡོངས་ལ་སྣེ་ཁྲིད་བྱེད་པ་དང་ཁྱོན་ཡོངས་ནས་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་། ཚན་པ། དྲ་སྦྲེལ་ཁེ་ལས་བཅས་ལ་ལས་དོན་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུའི་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། སློབ་གསོ་དང་། རིག་གནས། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སོགས་སྡེ་ཚན་གྱིས་འགན་འཁྲི་ལྟར་ལས་འགན་ཁུར་ནས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་དང་ལས་རིགས་མཐུན་ཚོགས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་གང་ལེགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲ་ཐོག་ནས་བརྒྱུད་བསྒྲགས་བྱེད་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།