འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་དབྱིན་ཇི་རྒྱལ་ཁབ་ཡོ་རོབ་མཉམ་འབྲེལ་ནས་ཕྱིར་ཐོན་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།2017ལོར་དབྱིན་ཇི་རྒྱལ་ཁབ་ཡོ་རོབ་མཉམ་འབྲེལ་ནས་ཕྱིར་ཐོན་བཞིན་པ།
          མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་6པར། དབྱིན་ཇི་རྒྱལ་ཁབ"ཡོ་རོབ་མཉམ་འབྲེལ་ནས་ཕྱིར་ཐོན"གྱི་སྤྱི་འདེམས་མཇུག་འབྲས་སུ་འདེམས་ཤོག་འཕེན་མཁན་མང་པོ་ཞིག་གིས་དབྱིན་ཇི་རྒྱལ་ཁབ་དེ་ཡོ་རོབ་མནའ་འབྲེལ་ནས་ཕྱིར་ཐོན་བྱེད་པར་མོས་མཐུན་བྱས་ཡོད་པ་རེད།
         2017ལོའི་ཟླ་3པར། དབྱིན་ཇི་རྒྱལ་ཁབ་ཀྱིས་ཡོ་རོབ་མཉམ་འབྲེལ་ལ་ཡི་གེ་བསྐུར་ནས། དབྱིན་ཇི་རྒྱལ་ཁབ་ཡོ་རོབ་མཉམ་འབྲེལ་ནས་ཕྱིར་ཐོན་གྱི་བྱ་རིམ་སྤེལ་འགོ་ཚུགས་རྒྱུ་ཡིན་པའི་བརྡ་སྦྱོར་བཏང་བ་རེད། ཡོ་རོབ་མཉམ་འབྲེལ་གྱི་ཁྲིམས་ལུགས་ལྟར་ན། ཕྱོགས་གཉིས་ཀས་ལོ་གཉིས་(2019ལོའི་ཟླ་3ཚེས་29ཉིན་གྱི་སྔོན་ལ་)ཀྱི་ནང་ལ"ཡོ་རོབ་མཉམ་འབྲེལ་ནས་ཕྱིར་ཐོན"གྱི་གྲོས་མོལ་འདི་བྱས་ཚར་ནས་དགོས་པ་རེད།
         2017ལོར། དབྱིན་ཇི་དང་ཡོ་རོབ་མཉམ་འབྲེལ་བར་དུ་གྲོས་མོལ་ཐེངས་མང་འཚོགས་པས། ཟླ་12པར། གྲོས་གཞི་གཙོ་བོའི་ཕྱོགས་ནས་གྲོས་འཆམ་བྱུང་བ་དང་། འདི་ལས་ཕྱོགས་གཉིས་ཀ་ནས་གྲོས་མོལ་གྱི་རིམ་པ་གཉིས་པ་སྤེལ་འགོ་ཚུགས་རྒྱུ་ཡིན་པ་མཚོན་ཡོད་པ་རེད། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་ཕྱོགས་གཉིས་ནས་མུ་མཐུད་གཏིང་ཟབ་པའི་འཐབ་འགྲན་སྤེལ་རྒྱུ་ཡིན་པས། གྲོས་མོལ་དེ་བས་དཀའ་བར་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།