འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་སི་རི་ལན་ཁར་འཚམས་འདྲིར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་དབང་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ། དེ་བཞིན་དུ་བོད་རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་གྱི་ལས་བྱེད་མི་སྣ་བཅས་ལས་གྲུབ་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཟླ་12ཚེས་14ཉིན་ནས་ཚེས་16ཉིན་བར་དུ་སི་རི་ལན་ཁ་རུ་ཉིན་གསུམ་རིང་འཚམས་འདྲི་གནང་བ་རེད།
         སྤེལ་རེས་ཚོགས་པས་ཚེས་14ཉིན་ཁུ་ལེན་ཕོ་པང་ཏ་ལཱ་ནཱ་ཁེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོའི་བོད་ཀྱི་རིག་གནས་པར་རིས་འགྲེམས་སྟོན་དང་བོད་འབྲེལ་ཆེད་དོན་སྙན་སྒྲོན་ཚོགས་འདུ་འཚོགས་པ་རེད། སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོའི་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཡུན་གྱིས"བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས"བརྗོད་གཞིར་བྱས་ནས་འཆད་ཁྲིད་གནང་བ་རེད།
         སི་རི་ལན་ཁའི་ནང་བསྟན་ལས་དོན་པུའུ་ཡི་པུའ་ཀྲང་ཕེ་ལེ་ལཱ་དང་། རྒྱུན་ལས་པུའུ་ཀྲང་གཞོན་པ་ཅ་མཱ་ཀོ། སི་རི་ལན་ཁའི་ནང་བསྟན་མཛའ་གྲོགས་མཐུན་ཚོགས་སོགས་རྩ་འཛུགས་ཀྱི་འགན་འཁུར་པ་དང་དེ་བཞིན་དུ་ས་གནས་དེ་གའི་སློབ་གྲྭའི་དགེ་སློབ་སོགས་མི་གྲངས་200ལྷག་ཙམ་གྱིས་འགྲེམས་སྟོན་ལ་གཟིགས་པ་མ་ཟད་སྙན་སྒྲོན་ཚོགས་འདུར་ཞུགས་ཡོད་པ་རེད། 
         སྤེལ་རེས་ཚོགས་པས་སི་རི་ལན་ཁ་རུ་འཚམས་འདྲི་གནང་རིང་ད་དུང་སི་རི་ལན་ཁའི་ནང་བསྟན་ལས་དོན་པུའུ་ཡི་དཔོན་པོ་དང་། སི་རི་ལན་ཁའི་ཆོས་ཁང་དང་དགོན་པའི་དགེ་འདུན་པའི་སྡེ་དང་། ཨ་སི་ཞེ་ལི་དགེ་འདུན་པའི་སྡེ་སོགས་དང་སྤེལ་རེས་ཀྱི་བཞུགས་མོལ་གནང་བ་རེད། སྤེལ་རེས་ཚོགས་པས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་དང་འཕེལ་རྒྱས། བོད་བརྒྱུད་ནང་བསྟན་གྱི་གནས་བབ་དང་ཆོས་དད་རང་མོས་ཀྱི་གནས་ཚུལ་སོགས་ངོ་སྤྲོད་གནང་བ་རེད། ཕྱོགས་གཉིས་ཀྱིས་རིག་གནས་དང་ཆོས་ལུགས་སོགས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་འདོད་ཡོད་ཚུལ་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།