འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་སྲིད་འཛིན་ཁེན་ནེ་ཏི་ལྐོག་གསོད་ཀྱི་གྱོད་གཞིའི་གསང་བའི་ཡིག་ཆ་ཁག་མཐའ་མ་དེ་
    ད་ལོར་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིས་སྲིད་འཛིན་ཁེན་ནེ་ཏི་ལྐོག་གསོད་ཀྱི་གྱོད་གཞིའི་གསང་བའི་ཡིག་ཆ་ཁག་མཐའ་མ་དེ་
ད་ལོར་ཡོངས་བསྒྲགས་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། ཨ་རིའི་ཡིག་ཚགས་ཁང་གིས་ཇོན་•ཧྥེ་ཚི་ཅེ་རལ་ཏི་•ཁེན་ནེ་ཏི་(John Fitzgerald Kennedy)ལྐོག་གསོད་ཀྱི་གྱོད་གཞི་དང་འབྲེལ་བའི་ཡིག་ཆ་3500ལྷག་ཙམ་ཡོངས་བསྒྲགས་བྱས་པ་རེད།
          ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གི་གནས་འཕྲིན་ལྟར་ན། ཡིག་ཚགས་ཁང་གི་དྲ་ཚིགས་སུ་སྤེལ་བའི་སྤྱི་བསྒྲགས་སུ། ཡིག་ཚགས་ཡོངས་བསྒྲགས་བྱས་པ་འདི་ནི་ད་ལོར་ཐེངས་དྲུག་པ་ཡིན་ལ། ད་ལོར་ཆེས་མཐའ་མ་དེ་ཡིན་ཞེས་བརྗོད་ཡོད་པ་རེད། སྤྱི་བསྒྲགས་སུ་ད་ལྟ་ནི"གཏན་འབེབས་བྱས་པ་བཞིན་1992ལོར་བཏོན་པའི་ཁྲིམས་ལུགས་ཁྲོད་ཀྱི་གཏན་འབེབས་ལྟར་ཡིག་ཆ་ཚང་མ་ཡོངས་བསྒྲགས་བྱས་པ་ཡིན"ཞེས་ནན་བཤད་བྱས་ཡོད་པ་རེད།
         ཡིག་ཆ་88དམིགས་བསལ་ཡིན་པ་མ་གཏོགས། "རྒྱལ་ཁབ་ཡིག་ཚགས་ཁང་དང་གཙོ་གཉེར་སྡེ་ཁག་གི་ཆེད་མཁས་པས་སྔར་ལས་ལྷག་པའི་ཞིབ་འཇུག་བྱེད་དགོས་པ་རེད།"
         2017ལོ་ནས་བཟུང་། ཨ་རིས་ཁེན་ནེ་ཏི་ལྐོག་གསོད་ཀྱི་གྱོད་གཞི་དང་འབྲེལ་བའི་ཡིག་ཆ་ཁྲི་3.4ཙམ་ཡོངས་བསྒྲགས་བྱས་པ་རེད།
         1963ལོའི་ཟླ་11ཚེས་22ཉིན། སྐབས་དེའི་ཨ་རིའི་སྲིད་འཛིན་ཁེན་ནེ་ཏི་ནི་མངའ་སྡེ་ཐེ་ཁི་ས་སི་(Texas)རུ་ལྐོག་གསོད་ཐེབས་པ་རེད། གཞུང་ཕྱོགས་ཀྱི་གནས་འཕྲིན་ལྟར་ན། ཁེན་ནེ་ཏི་ལྐོག་གསོད་བྱེད་མཁན་ནི་ཨ་རིའི་མཚོ་དམག་སྐམ་སའི་འཐབ་མོ་རུ་ཁག་གི་རུ་མི་ལེ་•ཧ་ཝེ་•ཨོ་སི་ཝར་ཏེ་(Lee Harvey Oswald)ཡིན་པ་དང་། དེ་ནི་སྒེར་གྱིས་སྤེལ་བའི་གྱོད་དོན་ཞིག་ཡིན་པ་རེད། ཉིན་གཉིས་ཀྱི་རྗེས་སུ། ཏ་ལཱ་སི་ཕྱོགས་ཀྱི་ཉེན་རྟོག་པས་ཉེས་ཅན་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་བཙོན་ཁང་དུ་སྐྱེལ་རྩིས་ཡོད་སྐབས། མི་གཞན་གྱིས་མེ་མདའ་བརྒྱབ་ནས་བསད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།