འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྫ་ཆུ་ཆུ་འགོའི་ས་ཁུལ་ནི་གཟིག་འཚོ་གནས་བྱ་ཡུལ་གལ་ཆེན་ཏུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྫ་ཆུ་ཆུ་འགོའི་ས་ཁུལ་ནི་གཟིག་འཚོ་གནས་བྱ་ཡུལ་གལ་ཆེན་ཏུ་གྱུར་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ནང་ཆེན་རྫོང་སྲིད་གཞུང་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་འབྲེལ་བྱས་ནས་སྤེལ་བའི་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་བྱེད་པའི་རིང་ལ། དམར་ཕྱིའི་པར་ཆས་ཀྱིས་དུས་ཡུན་ཟླ་བ་གཅིག་དང་ཕྱེད་ཀའི་རིང་ལ། རྩ་མེད་དུ་འགྲོ་ཉེན་ཡོད་པའི་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་གཟིག་གི་འདྲ་པར་དང་བརྙན་ཟློས་ཐེངས་21བླངས་ཡོད་པ་རེད། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གཙང་གསུམ་ཆུ་འགོའི་བྱ་གཞག་གི་ཀྲུའུ་རེན་ཀྲའོ་ཞང་གིས“འདིའི་ཐོག་ནས་རྫ་ཆུ་ཆུ་འགོའི་ས་ཁུལ་ནི་གཟིག་འཚོ་གནས་བྱ་ཡུལ་གལ་ཆེན་དུ་གྱུར་ཡོད་པ་མཚོན་པ་རེད”ཅེས་བཤད་པ་རེད།
         རྒྱལ་ཁབ་ནགས་ལས་ཅུས་བྱང་ཤར་སྟག་གཟིག་ལྟ་ཞིབ་དང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥེང་ལི་མིང་གིས"གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འཛམ་གླིང་ཡོངས་ཀྱི་གཟིག་རིགས་ཁྱུ་འཚོ་གནས་བྱེད་སའི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་ས་ཁོངས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། གཟིག་ཡོད་པ་གསར་དུ་ཤེས་པ་དེས་ང་ཚོའི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་རྙོག་འཛིང་ཆེ་བའི་རང་བཞིན་ལ་ངོས་འཛིན་བྱས་ཚད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད"ཅེས་བཤད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གཟིག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་ཆབས་ཅིག་ཞིབ་འཇུག་མི་སྣས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གཟིག་གི་རྗེས་ཤུལ་ཐེངས་མང་མཐོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།