འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།Cརའོ་ཡིས་གོང་མ་ཚང་མཱ་ཏི་རིད་རྐང་རྩེད་སྤོ་ལོ་སྤྲོ་སྐྱིད་ཚོགས་པར་2017ལོའི་འཛམ་
    གླིང་སྤྲོ་སྐྱིད་ཚོགས་པ་རྟགས་ཅན་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཁི་རི་སི་ཐི་ཡཱ་ནོ་•རུའོ་ནཱལ་ཏོ།
    ཁི་རི་སི་ཐི་ཡཱ་ནོ་•རུའོ་ནཱལ་ཏོ།
          མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་12ཚེས་17ཉིན་གྱི་ཞོགས་པར། 2017ལོའི་FIFAའཛམ་གླིང་སྤྲོ་སྐྱིད་ཚོགས་པ་རྟགས་ཅན་གྱི་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་ནི་ཡོ་རོབ་གླིང་གི་ཨང་དང་པོ་གོང་མ་ཚང་མཱ་ཏི་རིད་རྐང་རྩེད་སྤོ་ལོ་སྤྲོ་སྐྱིད་ཚོགས་པ་(Real Madrid Club de Fútbol)དང་ཨ་མེ་རི་ཁ་གླིང་ལྷོ་མའི་ཨང་དང་པོ་གུ་རེ་སྨི་ཨོ་རྐང་རྩེད་སྤོ་ལོ་སྤྲོ་སྐྱིད་ཚོགས་པ་(Grêmio Foot-Ball Porto Alegrense)གཉིས་ཀྱི་བར་སྤེལ་ཞིང་། ལུས་རྩལ་པ་ཁི་རི་སི་ཐི་ཡཱ་ནོ་•རུའོ་ནཱལ་ཏོ་(Cristiano Ronaldo བསྡུས་མིང་དུ་Cརའོ་ཟེར།)ཡིས་སྐར་མ་གཅིག་བླངས་པ་ལས། སྐར་འབྲས་1:0ཡི་ཐོག་ནས་སྐབས་འདིའི་འགྲན་ཚོགས་ཀྱི་ཨང་དང་པོ་ནི་གོང་མ་ཚང་མཱ་ཏི་རིད་རྐང་རྩེད་སྤོ་ལོ་སྤྲོ་སྐྱིད་ཚོགས་པས་བླངས་པ་རེད།
          Cརུའོ་ཡིས་སྐར་མ་གཅིག་པོ་འདི་བླངས་པར་བརྟེན་ནས་ད་ཐེངས་ཀྱི་འགྲན་བསྡུར་ནང་གི་MVPལ་བདམས་པ་དང་། ཁོང་གི་རུ་གྲོགས་ལུ་ཁཱ་•མོ་ཏི་རི་ཆི་(Luka Modric)ཡིས་འགྲན་ཚོགས་འདིའི་ནང་འབད་པ་ལྷད་མེད་བྱས་པས་2017ལོའི་འཛམ་གླིང་སྤྲོ་སྐྱིད་ཚོགས་པ་རྟགས་ཅན་གྱི་འགྲན་ཚོགས་ནང་གི་MVPལ་བདམས་ཐོན་བྱུང་བ་རེད།
    ཁི་རི་སི་ཐི་ཡཱ་ནོ་•རུའོ་ནཱལ་ཏོ།
    ཁི་རི་སི་ཐི་ཡཱ་ནོ་•རུའོ་ནཱལ་ཏོ།
    ལུ་ཁཱ་•མོ་ཏི་རི་ཆི།
    ལུ་ཁཱ་•མོ་ཏི་རི་ཆི།
      

    ཕྱོགས་བསྡུས་གསར་འགྱུར།