འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྐྱོར་ཚྭ་རར་བརྟེན་ནས་དམངས་ཕྱུག་ལམ་བུ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབུལ་སྐྱོར་ཚྭ་རར་བརྟེན་ནས་དམངས་ཕྱུག་ལམ་བུ་བཏོད་པ།
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་དབུལ་སྐྱོར་ཚྭ་ར་2005ལོར་བཙུགས་ཚུན། ཁྲོམ་ར་སྟོན་ཕྱོགས་སུ་བྱས་ཏེ“གཅིག་གྱུར་སྔོག་པ་དང་། གཅིག་གྱུར་དོ་དམ། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་ཕྱིར་ཚོང་བཅས”ཀྱི་གཉེར་སྐྱོང་བྱ་ཐབས་སྤྱད་ནས་མང་ཚོགས་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་ཧུར་ཐག་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
          2017ལོར། ཚྭ་རའི་ལས་དོན་པ་35ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ནས་བདམས་པ་དང་སྔོན་དཔག་བྱས་ན། འདི་ལོ་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.2ལྷག་ཙམ་ཟིན་རྒྱུ་ཡིན་ཞིང་། འདི་ནི་དགེ་རྒྱས་རྫོང་བྱང་སྨད་གྲོང་ཚོའི་ལས་བྱེད་པས་དབུལ་སྐྱོར་ཚྭ་རའི་ལས་དོན་མི་སྣ་དང་ཚྭ་རའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་གནད་དོན་སྐོར་གླེང་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།