འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།《རྒྱལ་ཁབ་མཐོ་གསར་ཁུལ་གྱི་གསར་གཏོད་ནུས་པའི་གདེང་འཇོག་སྙན་ཞུ(2017)》
    ཡོངས་བསྒྲགས་བྱས་པ།

    མཐོ་གསར་ཁུལ་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་རྒྱལ་ཡོངས་ཀྱི་བསྡུར་ཚད་ལས་35%བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། ཚན་རྩལ་པུའི་དཔལ་འབར་ལག་རྩལ་མཐོ་བའི་ཐོན་ལས་གསར་སྤེལ་ལྟེ་གནས་དང་ཀྲུང་གོ་ཚན་རིག་ཁང་གི་ཚན་རྩལ་འཐབ་ཇུས་བློ་འདྲི་ཞིབ་འཇུག་ཁང་ཀྲུང་གོ་མཐོ་གསར་ཁུལ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པའི་《རྒྱལ་ཁབ་མཐོ་གསར་ཁུལ་གྱི་གསར་གཏོད་ནུས་པའི་གདེང་འཇོག་སྙན་ཞུ(2017)》པེ་ཅིང་དུ་ཡོངས་བསྒྲགས་བྱས་པ་རེད། གདེང་འཇོག་སྙན་ཞུ་དེ་གཙོ་བོ་རྒྱལ་ཁབ་མཐོ་གསར་ཁུལ་གྱི་གསར་གཏོད་ནུས་པའི་གདེང་འཇོག་དམིགས་ཚད་མ་ལག་ལ་གཞིགས་ཏེ་སྤེལ་བ་ཞིག་ཡིན་པ་དང་། གདེང་འཇོག་བྱ་ཡུལ་2016ལོའི་ལོ་མཇུག་བར་གྱི་རྒྱལ་ཁབ་མཐོ་གསར་ཁུལ་147ཚང་མར་ཁྱབ་པ། གདེང་འཇོག་དང་འབྲེལ་བའི་གྲངས་གཞི་ཚང་མ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། དཔལ་འབར་ལྟེ་གནས་ཀྱིས་ལག་ལེན་བསྟར་བའི་རྒྱལ་ཁབ་མཐོ་གསར་ཁུལ་གྱི་ལོ་འཁོར་གྱི་བསྡོམས་རྩིས་ཞིབ་བཤེར(སྙན་ཞུ་དེའི་གྲངས་གཞི་གསར་ཤོས་ནི་2016ལོའི་གྲངས་གཞི་ཡིན་པ)ལས་བྱུང་བ་ཞིག་རེད།
         སྙན་ཞུའི་ནང་མངོན་དོན། བསྡོམས་རྩིས་བྱེད་ཁོངས་ནང་བཅུག་པའི་མཐོ་གསར་ཁུལ་147དེ་དག་སོ་སོ་ལས་ཐོན་པའི་GDPསྤྱི་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་8.98ཟིན་པ་དེ་རང་རྒྱལ་གྱི་2016ལོའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་12.1%དང་མཚུངས་ཀྱི་ཡོད། གྲངས་གཞི་དེ་རྒྱལ་ནང་གི་དཔལ་འབྱོར་ཞིང་ཆེན་ཆེ་ཤོས་ཡིན་པའི་ཀོང་ཏུང་ཞིང་ཆེན་ལས་བརྒལ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གྱི་མིང་གྲལ་12ཡིན་པའི་ཨུ་རུ་སུ་ལས་མཐོ་བ་ཡོད་པ་རེད། 2016ལོར་རྒྱལ་ཁབ་མཐོ་གསར་ཁུལ་གྱི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་འགྲོ་གྲོན་སྒོར་དུང་ཕྱུར་5544.7བཏང་བ་དེ་རང་རྒྱལ་གྱི་ལོ་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ཐད་བཏང་བའི་འགྲོ་གྲོན་ལས་35%བརྒལ་ཡོད། གསར་འཕར་དབང་བསྐུར་ཁེ་བེད་བདག་ཐོབ་ཁྲི་26.2ཟིན་པ་དང་ལོ་དེར་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་29.8གསར་འཕར་བྱུང་ཡོད་པ་རེད།
         སྙན་ཞུའི་ནང་མངོན་དོན། རྒྱལ་ཁབ་མཐོ་གསར་ཁུལ་གྱི་གསར་གཏོད་ཐོན་ཁུངས་མགྱོགས་མྱུར་གཅིག་འདུས་བྱུང་བ་དང་། གསར་གཏོད་བྱེད་པོ་མགྱོགས་མྱུར་སྐྱེད་སྲིང་བྱུང་བ། “གཉིས་གཏོད”ལས་སྟེགས་འཛུགས་སྐྲུན་མགྱོགས་མྱུར་རྒྱ་སྐྱེད་ཐུབ་པ། ལས་གཏོད་ཁེ་ལས་མགྱོགས་མྱུར་འཚར་ལོངས་བྱུང་བ། ལས་གཏོད་མ་འཇོག་གི་གཞི་ཁྱོན་མགྱོགས་མྱུར་རྒྱ་ཆེར་སོང་ཡོད། ལྷག་པར་དུ་མཐོ་གསར་ལག་རྩལ་ཁེ་ལས་མཚོན་བྱེད་དུ་བྱས་པའི་གསར་གཏོད་བྱེད་པོའི་གྲངས་འབོར་2016ལོ་དང་2015ལོ་བསྡུར་ན་དུས་མཚུངས་ལས་31.3%འཕར་བ་དང་2015ལོའི་འཕར་ཚད་10.9%ཡི་ཐོག་བརྒྱ་ཆའི་གྲངས་20.4བསྐྱར་འཕར་ཐུབ་ནས་རང་རྒྱལ་གྱི“ཁེ་ལས་བྱེད་པོར་བྱས་ཏེ་གསར་གཏོད་བྱེད་པའི”རྒྱལ་ཁབ་ཀྱི་སྟོན་ཕྱོགས་དེ་རྒྱལ་ཁབ་མཐོ་གསར་ཁུལ་དུ་མགྱོགས་མྱུར་མངོན་འགྱུར་བྱེད་བཞིན་པ་མཚོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།