འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་ཀྱི་སྤ་སེའི་རིན་གོང་ཕྱེད་
    ཀ་བཅག་ནས་ཡུལ་སྐོར་བ་བསུ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། དགུན་ཁ་ཤར་བ་དང་ཆབས་ཅིག་བོད་ཀྱི་གྲགས་ཅན་མཛེས་ལྗོངས་ས་ཚིགས་མང་པོ་ཞིག་གི་སྤ་སེའི་རིན་གོང་ཕྱེད་ཀ་བཅག་སྟེ་དགུན་དུས་བོད་དུ་ཡུལ་སྐོར་ཡོང་མཁན་ཚོར་བསུ་བ་ཞུས་པ་རེད།
           གསར་འགོད་པས་ཚེས་14ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཕོ་བྲང་པོ་ཏ་ལ་དང་། གནམ་མཚོ། ཇོ་མོ་གླང་མ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་ཀྱི་སྤ་སེའི་རིན་གོང་བཅག་པ་དེ་ཡུལ་སྐོར་ཡོང་མཁན་མང་བའི་དུས་ཀྱི་སྤ་སེའི་རིན་གོང་གི་ཕྱེད་ཀ་ལས་ཟིན་གྱི་མེད་པ་དང་། གསོལ་མགྲོན་ཁང་ཁག་གཅིག་གི་གོང་ཚད་བརྒྱ་ཆ་དྲུག་བཅུ་ནས་བདུན་བཅུ་བར་ཆག་པ། བོད་དུ་སྐྱོད་པའི་མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེའང་ཅུང་འབེལ་པོ་ཡོད་པ་རེད།
          ལས་རིགས་ནང་ཁུལ་གྱི་མི་སྣས་དྲན་སྐུལ་བྱས་པར། ཡུལ་སྐོར་བས་དགུན་དུས་བོད་དུ་ཡོང་ན་འགྲིམ་འགྲུལ་དང་མགྲོན་ཁང་གི་རིན་གོང་ཅུང་དམའ་ལ་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་ཁག་གཅིག་ཀྱང་འོས་སྦྱོར་བྱས་ཡོད། ཡུལ་སྐོར་བས་སྔ་སྣུར་དུ་ལམ་ཐིག་འཆར་འགོད་ཡག་པོ་བྱས་ཏེ་རང་ཉིད་ཀྱི་དགོས་མཁོ་ལྟར་རླངས་འཁོར་གླས་ནས་སྐྱོད་ཆོག་ལ་འགྲུལ་པ་ཟླ་སྒྲིལ་བཏང་ནས་སྐྱོད་ནའང་ཆོག
          ལོ་རེའི་ཟླ་བ་ལྔ་པ་ནས་བཅུ་པ་བར་ནི་བོད་དུ་ཡུལ་སྐོར་ཡོང་མཁན་མང་བའི་དུས་ཚིགས་ཤིག་རེད། ལྷག་པར་དུ་ཟླ་བ་བདུན་པ་དང་བརྒྱད་པར་གྲགས་ཅན་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་དཔེར་ན། ཕོ་བྲང་པོ་ཏ་ལ་ལྟ་བུའི་སྤ་སེ་རག་དཀའ་བ་དང་ཡུལ་སྐོར་བས་སྤ་སེ་མངགས་ན་ཉིན་འགའ་ཞིག་གི་རྗེས་གཞི་ནས་རག་གི་ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་ཡོང་མཁན་མང་བའི་དུས་སུ་མགྲོན་ཁང་དཀོན་ལ་གོང་ཚད་ཀྱང་མཐོ་བ་དང་བོད་དུ་སྐྱོད་པའི་མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེ་ཚང་མ་སྔོན་མངགས་བྱེད་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།