འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ས་མཐོའི་མཐོ་གྲང་ས་ཁུལ་དུ་ཀུན་གཏོད་བར་མཐོངས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲེ་ཅང་ཅ་ཤིང་བོད་སྐྱོར་ཚོགས་ཆུང་གི་རོགས་སྐྱོར་འོག་བོད་བྱང་ཐང་གི་མཐོ་གྲང་ཁུལ་དུ་གནས་པའི་བོད་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་དུ་ཉེ་ཆར“གྲུ་དམར་མཁའ་ལམ་སྣེ་ཁྲིད”ཀྱི་ཀུན་གཏོད་བར་མཐོངས་དངོས་སུ་བཙུགས་ཏེ་གཉེར་སྐྱོང་བྱས་ནས་ས་མཐོའི་གསར་གཏོད་ལས་གཏོད་ལ་ཆེད་ལས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
         ནག་ཆུ་ས་ཁུལ་དུ་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་པ་དང་། དྲོད་ཚད་དམའ་ཤོས་སུ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་པ། མཁའ་རླུང་ནང་དབྱང་རླུང་འདུས་ཚད་དམའ་པོ་ཡིན་པ་བཅས་རེད། རང་བྱུང་ཁོར་ཡུག་སོགས་ཀྱི་ཤུགས་རྐྱེན་ཕོག་སྟབས་ནག་ཆུའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་པོ་ཡོད་པ་དེ་ནི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་རེད།
         ནག་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཏུང་གིས“དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་སྟབས་ནག་ཆུར་ཚོང་འགུགས་མ་འདྲེན་དང་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་བསྡུ་རྒྱུ་དཀའ་ངལ་ཆེ་ཙམ་ཡོད་པ་དང་ཁེ་ལས་ཀྱི་གྲངས་འབོར་ཡང་ཉུང་ཙམ་རེད། ཀུན་གཏོད་བར་མཐོངས་གཏོད་པས་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བའི་རང་བརྟེན་ལས་གཏོད་ལ་ཁྲིད་སྟོན་ཐུབ་སྟེ་ནག་ཆུའི་འབྲོག་ཁུལ་གྱི་དོན་དངོས་དང་འཚམ་པའི་ཁེ་ལས་འགའ་ཞིག་འཛུགས་པ་དང་བོད་བྱང་ཐང་གི་ས་མཐོའི་དོན་དངོས་དང་འཚམ་པའི་ཐོན་ལས་ཁག་གཅིག་གཏོད་དེ་ནག་ཆུའི་མང་ཚོགས་ལས་ཞུགས་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀུན་གཏོད་བར་མཐོངས་ནི“གྲུ་དམར་མཁའ་ལམ་སྣེ་ཁྲིད”ཀྱིས་མིང་དུ་བྱས་པའི་དམིགས་ཡུལ་ནི“གྲུ་དམར་གྱི་སྙིང་སྟོབས”ཁྲིད་སྟོན་དུ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དཀའ་སྤྱད་འབད་འཐབ་བཅས་བྱས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་དེ་བྱ་གཞག་སྒྲུབ་པ་དང་ལས་གཏོད་བྱེད་པའི་ཁ་ཕྱོགས་སུ་ནམ་ཡང་བརྩིས་པ་དེ་རེད།
         ཀྲེ་ཅང་ཅ་ཤིང་བོད་སྐྱོར་ཚོགས་ཆུང་གིས་ཀུན་གཏོད་བར་མཐོངས་ཀྱི་སྒྱུར་བཀོད་མཛེས་བཟོ་དང་མཁྲེགས་ཆས་སྒྲིག་བཀོད་ལ་འགྲོ་གྲོན་སྒོར་ཁྲི་15བཏང་བ་དང་ཆབས་ཅིག་ཀུན་གཏོད་བར་མཐོངས་ལ་རྒྱལ་ཁབ་ཀྱི་ཆེད་དམིགས་མ་དངུལ་གྱི་རྒྱབ་སྐྱོར་མ་ཐོབ་གོང་ལོ་ལྟར་གཉེར་སྐྱོང་འགྲོ་གྲོན་སྒོར་ཁྲི་35གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།