འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་
    པའི་ཞིབ་འཇུག་ལྟེ་གནས་(ཁང)10བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཞིབ་འཇུག་དང་གསལ་འགྲེལ་སྔར་བས་གཏིང་ཟབ་བྱེད་ཆེད། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ལྟེ་གནས་(ཁང)10ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། སློབ་གསོ་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། པེ་ཅིང་གྲོང་ཁྱེར། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན་བཅས་སུ་བཙུགས་པ་རེད། ཞིབ་འཇུག་ལྟེ་གནས་(ཁང)10དེ་དག་ལ་ཞིབ་འཇུག་གི་སྟོབས་ཤུགས་ཆེན་པོ་དང་ཞིབ་འཇུག་གི་དཔུང་ཁག་སྟོབས་ཆེན་ཡོད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་དང་། དྲིལ་བསྒྲགས། གསལ་འགྲེལ་བཅས་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།