འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་འོས་འགན་སློབ་གསོའི་སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་
    སྲུང་བྱེད་པའི་ལས་དོན་སྲིད་གཞུང་གི་དཔྱད་ཞིབ་ནང་བཅུག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འོས་འགན་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི་》(གཤམ་ལ་《བརྡ་ཐོ་》ཞེས་བསྡུ་རྒྱུ)ནང་སློབ་མ་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་དང་། ཐག་རིང་ལུང་ཁུག དབུལ་པོ། མི་རིགས་ས་ཁུལ། ཕྱོགས་མིའི་མི་འབོར་བཅས་བལྟོས་བཅས་ངང་གཅིག་སྡུད་ཡིན་པའི་ས་ཁུལ་ལྟ་ཞིབ་ཚད་ལེན་བྱེད་ཁུལ་དུ་བྱེད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སོགས་དམིགས་བསལ་ཚོགས་སྤྱི་ལྟ་ཞིབ་ཚད་ལེན་བྱེད་པའི་ཚོགས་སྤྱིར་བྱས་ནས་2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་འགྲོ་ཚད་95%ཟིན་པའི་འགན་ལེན་བྱེད་དགོས་པ་གསལ་པོར་བཏོན་ཡོད།
          《བརྡ་ཐོའི་》ནང་འོས་འགན་སློབ་གསོའི་སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་སྲིད་གཞུང་གི་དཔྱད་ཞིབ་མ་ལག་ནང་བཅུག་ནས་རིམ་ཁག་སྲིད་གཞུང་དང་དེ་བཞིན་འགོ་ཁྲིད་གཙོ་བོར་དཔྱད་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་དུ་བརྩི་དགོས། རིམ་ཁག་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྡེ་ཚན་གྱིས་སློབ་དུས་རེ་འགོ་ཚུགས་རྗེས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་སློབ་གྲྭར་ཞུགས་པ་དང་སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་གཙོ་གནད་ལོ་ན་འཚམ་པའི་བྱིས་པ་སློབ་ཞུགས་ཀྱི་རྩ་འཛུགས་འགོ་ཁྲིད་དང་། སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་། ལས་ཀའི་བྱ་ཐབས་བཅས་ལ་ཞིབ་བཤེར་བྱེད་པ་དང་འབྲེལ་ཞིབ་བཤེར་བྱས་འབྲས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། སློབ་མ་སློབ་གྲྭར་ཞུགས་པ་དང་སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་དང་། སློབ་གསོར་བརྟེན་ནས་དབུལ་སྐྱོར། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ་དང་དཔྱད་དཔོག་བྱེད་པ། རྫོང་རིམ་པའི་སྲིད་གཞུང་གི་སློབ་གསོ་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་དཔྱད་དཔོག སློབ་གྲྭའི་ལས་རྗེས་དཔྱད་ཞིབ་བཅས་ཀྱི་དམིགས་ཚད་གལ་ཆེན་དུ་བརྩི་དགོས། སློབ་མ་སློབ་གྲྭར་ཞུགས་པ་དང་སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ་དེ་འགན་སྒྲུབ་སློབ་སྐུལ་དང་རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་འགན་སྒྲུབ་སློབ་སྐུལ་ཁག་གིས་སློབ་དུས་རེར་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒོ་བྱང་བཀལ་བའི་སློབ་གྲྭར་ཞིབ་བཤེར་བྱེད་པ་དང་འབྲེལ་ཞིབ་བཤེར་བྱས་པའི་གནས་ཚུལ་ས་གནས་དེ་གའི་སྲིད་གཞུང་དང་གོང་རིམ་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་སྙན་ཞུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།