འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛད་སྤྱོད་དབང་ཆ་སྲུང་སྐྱོང་བྱེད་མཁན་ཡག་ཤོས་འཚོལ་བའི"བྱེད་སྒོ་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་གསར་འགོད་པར་འཛད་སྤྱོད་པའི་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། མིག་སྔར་2017ལོའི་ལོ་འཁོར་གྱི“འཛད་སྤྱོད་དབང་ཆ་སྲུང་སྐྱོང་བྱེད་མཁན་ཡག་ཤོས་འཚོལ་བའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ནི་ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་དང་། བཟོ་ཚོང་སྤྱི་ཁྱབ་ཅུས་འཛད་སྤྱོད་པའི་དབང་ཆ་སྲུང་སྐྱོང་ཅུས། ཀྲུང་གོ་འཛད་སྤྱོད་པའི་ཚགས་པར་ཁང་བཅས་ཀྱིས་ཐུན་མོང་ཐོག་སྤེལ་བ་དང་། དུས་ཡུན་འདི་ལོའི་ཟླ་12པ་ནས་བཟུང་ཕྱི་ལོའི་ཟླ་3པའི་བར་རྒྱུན་མཐུད་བྱ་རྒྱུ་རེད། བྱེད་སྒོ་ལས་མཐར“2017ལོའི་ལོ་འཁོར་གྱི་འཛད་སྤྱོད་དབང་ཆ་སྲུང་སྐྱོང་བྱེད་མཁན་ཡག་ཤོས”10དང“2017ལོའི་ལོ་འཁོར་གྱི་འཛད་སྤྱོད་དབང་ཆ་སྲུང་སྐྱོང་བྱེད་མཁན་ཡག་ཤོས་ཀྱི་མིང་འདོན”20དཔྱད་འདེམས་བྱ་རྒྱུ་དང་འབྲེལ་ཕྱི་ལོའི་ཟླ་2པར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།