འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་ལེགས་ཆའི་ཁུལ་100སྐྲུན་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཧོ་པེ་ཞིང་ཆེན་ཞིང་ལས་ཐིང་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་ནགས་ལས་ཐིང་བཅས་ཀྱིས་ཉེ་ཆར་《ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་ལེགས་ཆའི་ཁུལ་གསར་གཏོད་ཀྱི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བསམ་འཆར་》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་ཞིང་ཆེན་ཡོངས་ཀྱིས་ས་ཁོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཐོན་སྐྱེད་ཀྱི་མ་གནས་ཆུང་བའི་ལེགས་ཆ་བཅས་ལ་གཞི་ཚུགས་ནས་ཧེ་བག་ཅན་གྱི་འཐབ་ཇུས་དང་གནས་འཛོལ་བའི་འཕེལ་རྒྱས་གཏོང་བ་བརྒྱུད་2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་ཁྱད་ཆོས་མངོན་གསལ་དོད་པ་དང་། ལེགས་ཆ་གཅིག་ཏུ་བསྡུས་པ། ཐོན་ལས་མཉམ་འདྲེས། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་ཞིང་ཆེན་རིམ་པའི་ཚད་གཞི་མཐོ་བའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་ལེགས་ཆའི་ཁུལ100བསྐྲུན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།