འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་11པར་རང་རྒྱལ་གྱིས་ཕྱི་ཕྱོགས་མ་རྩ་ནང་འདྲེན་བྱེད་ཚད་ཤུགས་ཆེར་བཏང་ནས་དུས་
    མཚུངས་ལས་90.7%འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཚོང་དོན་པུས་ཚེས་14ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་1ནས་11པའི་བར་རང་རྒྱལ་གྱིས་དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་རྩ་དུས་མཚུངས་ལས་9.8%འཕར་བའི་ནང་11པའི་པར་དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་རྩ་མི་དམངས་ཤོག་སྒོར་དུང་ཕྱུར་1249.2ཟིན་ནས་དུས་མཚུངས་ལས་90.7%འཕར་ཏེ་འབོར་ཚད་ཆེན་པོ་འཕར་ཡོད་པ་རེད།
          ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས་གོང་ཚེས་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཟླ་11པར་དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་རྩ་མགྱོགས་མྱུར་འཕར་བ་དེ་གཙོ་བོ་ཟླ་11པར་ཁེ་ལས་གསར་འཛུགས་བྱེད་མཁན་མང་པོ་བྱུང་སྟེ་ཕྱི་ཕྱོགས་མ་རྩ་ནང་འདྲེན་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། རྣམ་གྲངས་ཆེན་པོ་ཁག་གཅིག་གི་མ་དངུལ་གཅིག་སྡུད་ཐུབ་པ། དེ་བཞིན་འདི་ལོར་ཕྱི་ཕྱོགས་མ་རྩ་ནང་འདྲེན་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤེལ་ཡིག་ཆ་ཨང་ལྔ་པ་དང་ཨང་སོ་དགུ་པ་བསྟུད་མར་བཏོན་ནས་སྲིད་ཇུས་ཀྱི་ནུས་པ་ཟམ་མི་ཆད་པར་མངོན་ཡོད་ཅེས་བཤད།
          ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ཟླ་1ནས་11པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་30815གསར་དུ་བཙུགས་པ་དུས་མཚུངས་ལས་26.5%འཕར་ཡོད་པ་དང་། དེའི་ནང་ཟླ་11པར་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་4641ཟིན་ནས་དུས་མཚུངས་ལས་161.5%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།