འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བཞད་མཐོང་སྨོན་རྫོང་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བཞད་མཐོང་སྨོན་རྫོང་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་གྲོང་ཚོ་དང་ཁེ་ལས་དབར་མཉམ་ལས་མཉམ་འགུལ་དང་། ཁྱད་ལྡན་གསར་སྤེལ་གྱིས་སྐུལ་སྤེལ་གཏོང་བ། འཇོན་ཐང་ཅན་གྱིས་ཕྱུག་འགྱུར་སྣེ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་སྲོལ་རྒྱུན་ལག་ཤེས་བཟོ་ལས་འཕེལ་རྒྱས་བཏང་སྟེ་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལས་ཀར་ཞུགས་སུ་བཅུག་པས་ཞིང་འབྲོག་པའི་རང་ངོས་ཀྱི“རང་རྟེན”འཇོན་ཐང་ཆེ་རུ་ཕྱིན་པའི་དབང་གིས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་8500ལྷག་ཙམ་ཟིན་ཅིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དར་ལྡིང་ཤང་གི་མང་ཚོགས་དབུལ་པོ་དགྲ་འདུལ་གྱིས་ཆེད་ལས་མཉམ་ལས་ཁང་དུ་བོད་ཆས་འཚེམ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།